ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཨར་ཏོན་གྱིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་ཚེས་ཉེར་བདུན་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འབྱོར་ནས། ཚེས་ཉེར་བརྒྱད་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད་ཟེར། 

ཙེ་ལེན་སི་ཅི་ཡིས་ཟླ་བཞི་བར་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་ཁུར་བ་རེད། དེ་ནི་ཙེ་ལེན་སི་ཅི་ཡིས་འགན་ཁུར་རྗེས་པའོ་ཨར་ཏོན་གྱིས་ཐོག་དང་པོར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད། པའོ་ཨར་ཏོན་གྱིས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཙེ་ལེན་སི་ཅི་གཉིས་ཀྱིས་ཅང་མི་འགོར་བར་ཐུག་འཕྲད་བྱེད་སྲིད་པ་དང་། ང་ཚོས་ཁོ་གཉིས་ཀྱིས་ཕོ་ལན་ནས་གྲོས་མོལ་བྱེད་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

ཐི་ལིང་ཕུའུ་དང་ཙེ་ལེན་སི་ཅི་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བྱུང་ནས་ལོ་ངོ་བརྒྱད་ཅུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།