ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྱིས་ད་ལོའི་ལོ་མཇུག་ཏུ་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཙི་པེ་ཁི་སི་ཐན་གྱི་འདེམ་དམངས་དག་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་རང་དབང་དམངས་གཙོ་ཏང་དང་། མི་དམངས་དམངས་གཙོ་ཏང་། དྲང་བདེན་སྤྱི་ཚོགས་དམངས་གཙོ་ཏང་། མི་རིགས་བསྐྱར་དར་དམངས་གཙོ་ཏང་། སྐྱེ་ཁམས་ཏང་བཅས་ཀྱི་འདེམ་སྒུག་མི་སྣ་བཅས་ལ་འདེམ་ཤོག་འཕངས་ཏེ་ཆེས་མཐོའི་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཁང་གི་གྲོས་མི་བརྒྱ་དང་ལྔ་བཅུ་གདམ་རྒྱུ་རེད། 

ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཉིས་སྟོང་ལྔ་ལོར་ནས་བཟུང་གྲོས་ཁང་གི་ལམ་ལུགས་ལག་བསྟར་བྱེད་མགོ་བརྩམས་པ་དང་། གྲོས་ཁང་དེ་གྲོས་ཞུགས་ཁང་དང་ཁྲིམས་འཛུགས་ཁང་གིས་གྲུབ་ཡོད། གྲོས་ཞུགས་ཁང་ལ་གྲོས་མི་བརྒྱ་ཡིས་གྲུབ་ཡོད་པ་དང་། ཁྲིམས་འཛུགས་ཁང་དེ་གྲོས་མི་བརྒྱ་དང་ལྔ་བཅུས་གྲུབ་ཡོད། གྲོས་ཞུགས་ཁང་དང་ཁྲིམས་འཛུགས་ཁང་གཉིས་ཀྱི་འགན་ཡུན་ལོ་ལྔ་ཡིན་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།