ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨུ་རུ་སིས་བཟོས་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་སྐོར་ཐེངས་གཉིས་པ་དང་ལེན་བྱེད་མགོ་བརྩམས་ཡོད་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་ཨུ་རུ་སིས་བཟོས་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་སྐོར་ཐེངས་གཉིས་པ་དང་ལེན་བྱེད་མགོ་བརྩམས་ཡོད་པ་ཁྱབ་སྒྲོག་བྱས། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སྐོར་ཐེངས་གཉིས་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་འབྲེལ་ཡོད་ལྷུ་ལག་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱའི་ཉེ་འདབས་ཀྱི་མུའུ་ཨར་ཐི་ཏི་མཁའ་དམག་རྟེན་གཞི་རུ་འབྱོར་ཡོད་པ་དང་། ཚོད་དཔག་བྱས་ན་དུས་རིམ་གཉིས་པའི་བརྒྱུད་སྤྲོད་འཕེལ་རིམ་དེར་ཟླ་ངོ་གཅིག་ཡས་མས་འགོར་རྒྱུ་རེད་ཟེར། 

བསྒྲགས་པ་ལྟར་ན། S-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་ལྷུ་ལག་སྐྱེལ་འདྲེན་བྱེད་པའི་འགན་ཁུར་བའི་ཨུ་རུ་སིའི་སྐྱེལ་འདྲེན་གནམ་གྲུ་མུའུ་ཨར་ཐི་ཏི་མཁའ་དམག་རྟེན་གཞི་རུ་འབྱོར་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་བདུན་པར་ཐུར་ཁེ་ལ་སྐོར་ཐེངས་དང་པོའིS-400རྟགས་ཅན་མཁའ་སྲུང་འཕུར་མདའི་མ་ལག་གི་ལྷུ་ལག་རྩིས་སྤྲོད་བྱས་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།