ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ལི་ཡིས་ཧན་གོ་དང་འཇར་པན་གྱིས་ཆ་རྐྱེན་ཡོད་པའི་སྒོ་ནས་དམག་དོན་གྲོས་ཆོད་ལ་ཡང་བསྐྱར་གྲོས་མོལ་བྱས་ཆོག་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྒྱལ་སྲིད་ཙུང་ལི་ལིས་ལོ་ཡོན་གྱིས་ཚེས་ཉེར་བདུན་ཉིན་ཧན་གོ་དང་འཇར་པན་གྱིས་ཕྱོགས་གཉིས་ཀྱི་འགལ་བའི་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། གལ་ཏེ་འཇར་པན་ཕྱོགས་ཀྱིས་ཧན་གོར་དམིགས་པའི་འོས་འཚམ་མིན་པའི་ཉོ་ཚོང་བྱེད་ཐབས་རྩིས་མེད་དུ་བཏང་ན། ཧན་གོ་དང་འཇར་པན་གྱིས་ཡང་བསྐྱར་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ལ་གྲོས་བསྡུར་བྱས་ཆོག་ཟེར། 

ཧན་གོའི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལིས་ལོ་ཡོན་གྱིས་ཉིན་དེར་མཐོ་རིམ་ཏང་སྲིད་གྲོས་མོལ་ཚོགས་འདུའི་སྟེང་བསྟན་དོན། འཇར་པན་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་ཧན་གོ་ཉོ་ཚོང་གི་རྩིས་ཁྲ་དཀར་པོ་ལས་ཕྱིར་ཕུད་པའི་འབྲེལ་ཡོད་བཀའ་རྒྱ་དངོས་སུ་ལག་བསྟར་བྱེད་རྒྱུ་རེད། ཡིན་ཡང་ཁོས་བལྟས་ན། ཧན་གོ་དང་འཇར་པན་སྲིད་གཞུང་གིས་མིག་སྔའི་གནས་ཚུལ་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། གནས་བབ་སྔར་ལས་ཇེ་སྡུག་ཏུ་མི་འགྲོ་བར་སྔོན་འགོག་བྱས་ཆོག་པར་འདོད། 

ལིས་ལོ་ཡོན་གྱིས་བསྟན་དོན། ཧན་གོ་དང་འཇར་པན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ནུས་མེད་དུ་གྱུར་ནས་ཟླ་ངོ་གསུམ་ཙམ་འགོར་ཡོད། གལ་ཏེ་འཇར་པན་གྱིས་ཧན་གོར་དམིགས་པའི་ལུགས་མཐུན་མིན་པའི་བྱེད་ཐབས་རྩིས་མེད་དུ་བཏང་ན། ཧན་གོས་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་ཀྱི་དོན་ལ་ཡང་བསྐྱར་བསམ་བློ་བཏང་ཆོག ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པར་རེ་བ་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།