ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཐུར་ཁེ་ཡིས་མཉམ་འབྲེལ་མཁའ་དམག་གི་སྦྱོང་བརྡར་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཨ་སེ་པེད་ཅང་དང་ཐུར་ཁེ་ཡིས་ཟླ་དགུ་བའི་ཚེས་གཉིས་ཉིན་ནས་བཟུང་ཨ་སེ་པེད་ཅང་གི་མངའ་ཁོངས་སུ་ཚབ་མིང་ལ་ཉིས་སྟོང་བཅུ་དགུ་ལོའི་ཐུར་ཁེ་དང་ཨ་སེ་པེད་ཅང་གི་གླག་རྒོད་ཅེས་པའི་མཉམ་འབྲེལ་མཁའ་དམག་གི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་འཆར་གཞིའི་བཀོད་སྒྲིག་ལྟར་སྤེལ་བའི་རྒྱུན་སྲོལ་གྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། ཟླ་དགུ་བའི་ཚེས་གཉིས་ཉིན་ནས་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་བར་སྤེལ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་སེ་པེད་ཅང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མུས་ཀི-29རྟགས་ཅན་དང་། སུའུ-25རྟགས་ཅན། མུས-35རྟགས་ཅན་སོགས་འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་སུམ་ཅུ་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་མཉམ་དུ་རྒུད་སྐྱོབ་དང་ས་ངོས་ཀྱི་དམིགས་འབེན་ལ་འགས་གཏོར་གཏོང་བ་སོགས་འདུས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་རོགས་ལས་འཐབ་འཛིང་ནུས་པ་ཇེ་མཐོར་གཏོང་བའི་ཆེད་ཡིན་ཟེར། 

གསལ་སྒྲོག་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་སྤེལ་སའི་བྱེ་བྲག་གི་གནས་གསལ་བོར་བསྒྲགས་མེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།