ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་ཆོད་དོན་ལ་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཨ་ཧྲི་ལཱ་ཝེ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་སྐོར་ཆོད་དོན་བཏོན་པར་རྒོལ་གཏམ་བཏང་། 

ཨ་ཧྲི་ལཱ་ཝེ་ཡིས་གསལ་སྒྲོག་ནང་དུ་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་ཆོད་དོན་དེ་ནི་ལུགས་དང་མི་མཐུན་པའི་མི་སེར་སྤེལ་བའི་རིམ་འཕར་རྣམ་པ་རེད་ཟེར། ཁོ་མོས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕཱ་ལེ་སི་ཐན་གྱི་ས་ཞིང་དང་ཐོན་ཁུངས་རྐུ་འཕྲོག་བྱས་ཏེ་གཏན་སྡོད་མཁན་གྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་རྩིས་ཡོད་པ་དང་། ཆོད་དོན་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་ནན་བཤད་བྱས། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་དྲུག་ཉིན་བཀའ་རྒྱ་བཏང་སྟེ། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཏའོ་ལེ་ཧྥུའུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་ཁང་བ་སུམ་བརྒྱ་ཡོད་པའི་སྡོད་ཁུལ་གསར་བ་ཞིག་ལས་པར་ཆོག་མཆན་བཀོད། གཏན་སྡོད་ས་ཁུལ་དེ་ཕཱ་ལེ་སི་ཐན་གྱི་ཕུང་ཐུང་བཞུགས་ཤག་ཡོད་སའི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དང་ཉེ་བའི་གནས་སུ་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།