ཧིན་རྡུ་ཉི་ཞི་ཡཱ་ཡིས་རྒྱལ་ས་ཤར་ཅཱ་ལི་མན་ཏན་ཞིང་ཆེན་དུ་སྤོར་རྒྱུ་ཁྱབ་སྒྲོག་བྱས།

2.jpg

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་ནས། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཚེས་ཉེར་དྲུག་ཉིན་དངོས་སུ་ཁྱབ་སྒྲོག་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་དེ་ཡཱ་ཅཱ་ཏཱ་ནས་ཤར་ཅཱ་ལི་མན་ཏན་ཞིང་ཆེན་དུ་སྤོར་རྒྱུ་ཡིན་ཟེར། 

ཙོ་ཁི་ཡིས་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་གིས་ལོ་གསུམ་རིང་ཞིབ་འཇུག་བྱས་ཏེ་བལྟས་ན། ཤར་ཅཱ་ལི་མན་ཏན་ཞིང་ཆེན་གྱི་བྱང་ཕའེ་ནཱ་ཀྲན་པཱ་སེ་དང་དེར་འབྲེལ་བའི་ཁུའུ་ཐེ་ཁཱ་ཐཱ་ནཱ་ཅཱ་ལཱའི་ས་ཁུལ་ཁག་ཅིག་རྒྱལ་ས་གསར་བའི་གནས་ཡུལ་བཟང་བོ་ཞིག་ཡིན་པར་བསམ་ཡོད་ཟེར། 

ཙོ་ཁི་ཡིས་བཤད་རྒྱུར། གོང་སྨྲས་ས་ཁུལ་དེ་ཧིན་རྡུ་ཉི་ཞི་ཡཱའི་དབུས་ཕྱོགས་སུ་གནས་པ་དང་། ཤར་ཅཱ་ལི་མན་ཏན་ཞིང་ཆེན་གྱི་གྲུ་ཁའི་གྲོང་ཁྱེར་པཱ་ལི་པཱ་པན་དང་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་སན་མཱ་ལིན་ཏཱ་གཉིས་ཏེ་གསར་སྤེལ་གྱི་ཚད་ཅུང་མཐོ་བའི་གྲོང་ཁྱེར་བར་དུ་གནས་ཡོད་ལ། ཡུལ་བབ་ཀྱི་འཐབ་ཇུས་དོན་སྙིང་ལྡན་པ་དང་། ཆུ་ལོག་དང་ས་འགུལ། རྒྱ་མཚོ་འཕྱུར་བ། ནགས་ཚལ་མེ་སྐྱོན་སོགས་གནོད་འཚེ་འབྱུང་བའི་ཉེན་ཁ་ཅུང་ཆུང་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།