ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་སྤེལ་བའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་། སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཨུ་རུ་སིའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་མགྱོགས་པོ་འབྱུང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། 

ཕུའུ་ཅིན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། ད་ལོའི་ལོ་སྟོད་དུ་ཨུ་རུ་སིའི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་ཐིག་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་བ་དང་། ད་ལོའི་སྔོན་གྱི་ཟླ་ངོ་བདུན་ནང་བཟོ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་འཕར་སྣོན་བྱུང་ཡོད། དངུལ་ལོར་ཚད་བརྒལ་འགྲེམས་པར་རིམ་བཞིན་ཚོད་འཛིན་ཐུབ་པ་དང་། མིག་སྔར་ལོ་ཧྲིལ་བོའི་དངུལ་ལོར་ཚད་བརྒལ་འགྲེམ་པའི་ཚད་བརྒྱ་ཆའ་བཞི་དང་གྲངས་ཆུང་ལྔ་རེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་དཔལ་འབྱོར་ལ་འཕར་སྣོན་ངེས་ཅན་བྱུང་ཡོད་ཀྱང་། སྤྱིའི་འཕེལ་རྒྱས་གནས་ཚུལ་དེ་འདྲ་བཟང་རྒྱུ་མེད་པས། སྲིད་གཞུང་གིས་ངེས་པར་དུ་དཔལ་འབྱོར་མགྱོགས་མྱུར་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་ཐུབ་པའི་བྱེད་ཐབས་སྤྱོད་དགོས་ཟེར། 

ཁོས་ད་རུང་བསྟན་དོན། ཨུ་རུ་སིའི་དཔལ་འབྱོར་ཁྲོད་ཀྱི་ཟླ་ཕོགས་འགྲོ་སོང་ཅུང་ཇེ་མང་དུ་སོང་ཡོད་ཀྱང་། སྡོད་དམངས་ཀྱི་དོན་དངོས་ཡོང་འབབ་འཕར་སྣོན་བྱུང་བ་ཧ་ཅང་དལ་བས། གནས་ཚུལ་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།