ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གྲུ་ཆུང་བ་ཞིག་སུའེ་ཙེར་ལྷོ་ཕྱོགས་ས་ཁུལ་ནས་སར་ལྷུང་བ་དང་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའེ་ཙེར་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། གནམ་གྲུ་ཆུང་བ་ཞིག་ཉིན་དེར་སུའེ་ཙེར་ལྷོ་ཕྱོགས་ས་ཁུལ་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་གསུམ་རྐྱེན་ལམ་དུ་ཤོར། 

སུའེ་ཙེར་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་ཆུང་བ་དེ་ཉིན་དེའི་སྔ་དྲོར་སུའེ་ཙེར་ནུབ་ཕྱོགས་ཀྱི་བོ་ཀྲིག་ནས་འཕུར་བ་དང་། དབྱི་ཐཱ་ལེ་རུ་འཕུར་བའི་འཆར་གཞི་ཡོད་པ་རེད། གནམ་གྲུ་དེ་འཕུར་ནས་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་འགོར་རྗེས་སུའེ་ཙེར་ལྷོ་ཕྱོགས་ཀྱི་ཞིན་ཕུའུ་ལིང་ས་ཁུལ་ནས་སར་ལྷུང་བ་རེད།

སུའེ་ཙེར་འབྲེལ་ཡོད་སྡེ་ཁག་གིས་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། གནམ་གྲུའི་སྟེང་གི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་བྱིས་པ་གཅིག་འདུས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།