ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱིས་བྱ་འགུལ་སྤེལ་ཏེ་རང་བཙན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློ་འཕྲིན་ལྟར།  ད་ལོའི་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ནི་ཝུའུ་ཁི་ལན་ལན་རང་བཙན་བྱས་ནས་ལོ་ངོ་ཉེར་བརྒྱད་འགོར་བའི་རྗེས་དྲན་ཉིན་མོ་ཡིན། མི་ཁྲི་བཅུ་ཕྲག་འགའ་ཉིན་དེར་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་ལྟེ་གནས་སུ་འཛོམས་ཏེ། དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས། 

བྱ་འགུལ་མགོ་བརྩམས་མ་ཐག་མི་རྣམས་ཀྱིས་རྒྱལ་གླུ་བླངས་པ་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་མི་རིགས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོའི་དཔའ་བོར་རྗེས་དྲན་བྱས་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་སྔ་མོ་ནས་ཞི་བདེ་ཡོང་བར་རེ་བ་བྱེད་པའི་ཚུལ་བསྟན། 

ད་ལོའི་རང་བཙན་ཉིན་མོར་ཝུའུ་ཁི་ལན་གྱིས་གཞི་རྒྱ་ཆེ་བའི་དམག་གཟིགས་མཛད་སྒོ་སྤེལ་མེད། ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོས་མི་སྟོང་ལྷག་ཡན་འདུས་པའི་བྱ་འགུལ་སྤེལ་ནས་རང་བཙན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།