ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དབྱི་རག་དམག་དཔུང་གིས་ཉིན་དེར་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཅན་དྲུག་བསད་ཟེར། ཉིན་དེར་དབྱི་རག་གསང་འཕྲིན་སྡེ་ཁག་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གཅིག་འཛིན་བཟུང་བྱས་ཟེར།
དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་གིས་ཏིས་ཡཱ་ལཱ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ནས་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། དབྱི་རག་དམག་དཔུང་བསད་ཟེར།
དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་རག་གསང་འཕྲིན་སྡེ་ཁག་གིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བརྒྱ་དང་བཞི་བཅུའི་མཚམས་སུ་ཡོད་པའི་སཱ་མེད་ལཱ་གྲོང་ཁྱེར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཞིག་འཛིན་བཟུང་བྱས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབྱི་རག་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད།