ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཡིས་འཇར་པན་བར་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་མུ་མཐུད་དུ་འགོད་རྒྱུ་མིན་པར་ཐག་གཅོད་བྱས་པས་འཇར་པན་གྱིས་དེར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་འཇར་པན་བར་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་འགོད་རྒྱུ་མིན་པ་ཁྱབ་སྒྲོག་བྱས་པ་དང་། འཇར་པན་སྲིད་གཞུང་གིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཧན་གོའི་སྲིད་གཞུང་ལ་ངོ་རྒོལ་བྱས། 

ཧན་གོའི་ཙུང་ཐུང་བཞུགས་ཁག་ཆིན་ཝ་ཐེ་རྒྱལ་ཁབ་བདེ་སྲུང་ཁང་གིས་དཔོན་པོ་གཞོན་པ་དང་པོ་ཅིན་ཡུག་ཀིན་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་བལྟས་ན། འཇར་པན་གྱིས་བདེན་དཔང་ཡང་དག་འདོན་སྤྲོད་མ་བྱས་པའི་གནས་ཚུལ་འོག ཧན་གོ་དང་འཇར་པན་གྱི་ཡིད་ཆེད་ལ་གཏོར་བརླག་ཐེབས་པ་ལས་བདེ་འཇགས་གནད་དོན་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། ཟླ་འདིའི་ཚེས་གཉིས་ཉིན་ཧན་གོ་ཡིས་འཇར་པན་གྱི་ཉོ་ཚོང་རྩིས་ཁྲ་མེད་པར་བཏང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་མཉམ་ལས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག 

ཅིན་ཡུག་ཀིན་གྱིས་བསྟན་དོན། གནས་ཚུལ་དེ་འདྲའི་འོག ཧན་གོའི་ཕྱོགས་ཀྱིས་བལྟས་ན་མུ་མཐུད་དུ་བདེ་སྲུང་ཁྱབ་ཁོངས་ཀྱི་དམག་དོན་གསང་འཕྲིན་མཉམ་སྤྱོད་བྱེད་པ་དམིགས་ཡུལ་དུ་བྱས་པའི་གྲོས་ཆོད་དེ་ཧན་གོའི་རྒྱལ་ཁབ་ཁེ་ཕན་དང་མི་འཚམ་པར་འདོད། ཧན་གོའི་ཕྱོགས་ཀྱིས་གྲོས་ཆོད་ཀྱི་གཏན་འཁེལ་དུས་ཡུན་ནང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཇར་པན་ཕྱོགས་བར་གྲོས་ཆོད་འགོད་རྒྱུ་མིན་པའི་ཆོད་དོན་སྤེལ། ཧན་གོའི་ཕྱོགས་ཀྱིས་གྲོས་ཆོད་དེ་མུ་མཐུད་དུ་འགོད་རྒྱུ་མིན་པ་ཁྱབ་སྒྲོག་བྱས་རྗེས། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གིས་འཇར་པན་དུ་སྡོད་པའི་ཧན་གོའི་གཞུང་ཚབ་ཆེན་མོ་ནན་ཀོན་ཀྲའོ་བོས་ནས། ཧན་གོའི་བྱ་སྤྱོད་དེར་ངོ་རྒོལ་བྱས། 

ཧི་ཡེ་ཐེ་ལིང་གིས་བསྟན་དོན། ཧན་གོའི་ཕྱོགས་ཀྱི་ཆོད་དོན་དེ་ནི་མིག་སྔར་ས་ཁུལ་བདེ་འཇགས་འགན་སྲུང་ཁོར་ཡུག་གི་ནོར་འཆུག་ཆེན་པོ་ཞིག་ཡིན་པ་དང་། ཁོས་དོན་དེར་ཡིད་འཕང་བའི་ཚུལ་བསྟན། ཧི་ཡེ་ཐེ་ལིང་གིས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་གྲོས་ཆོད་དེ་མུ་མཐུད་དུ་འགོད་རྒྱུ་མིན་པའི་ཚུལ་བསྟན་པ་ནི་འཇར་པན་གྱིས་ཧན་གོའི་ཕྱིར་གཏོང་དོ་དམ་གྱི་ཚོད་འཛིན་ལ་ཤུགས་སྣོན་བྱས་པའི་རྐྱེན་ཡིན་ཡང་། དེ་ནི་འབྲེལ་བ་མེད་པའི་གནད་དོན་གཉིས་ཡིན་པས་ང་ཚོས་རྒྱུ་མཚན་དེ་འདྲ་དང་ལེན་བྱེད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།