ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་ཙུང་ཐུང་གིས་ཏང་ཁག་སོ་སོས་མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་ཚན་ཆུང་གི་ལས་དོན་ལ་གྲོས་བསྡུར་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཁོས་ཚེས་ཉེར་བདུན་ཉིན་གྲོས་ཁང་གི་ཏང་ཁག་སོ་སོས་མིག་སྔའི་སྲིད་གཞུང་གི་ཉམས་ཉེན་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ཏང་ཁག་སོ་སོས་སྔར་བཞིན་གྲོས་ཁང་མང་ཤོས་ཀྱི་ཚབ་བྱེད་པའི་སྲིད་འཛིན་མནའ་འབྲེལ་གསར་བ་འཛུགས་མ་ཐུབ་ན། ཁོས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་བསམ་བློ་གཏོང་རྒྱུ་ཡིན་ཟེར། 

མཱ་ཐཱ་ལོས་ལཱ་ཡིས་ཚེས་ཉེར་གཅིག་ཉིན་དང་ཚེས་ཉེར་གཉིས་ཉིན་གྲོས་ཁང་གི་ཏང་ཁག་སོ་སོའི་མགོ་ཁྲིད་པར་གྲོས་མོལ་བྱས་ཏེ། ཏང་ཁག་སོ་སོས་སྲིད་འཛིན་མནའ་འབྲེལ་གསར་བ་འཛུགས་པའི་ཆབ་སྲིད་འདོད་བློར་ཁས་ལེན་བྱས། མཱ་ཐཱ་ལོས་ལཱ་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཁོས་ཏང་ཁག་སོ་སོས་གང་མགྱོགས་སྒོས་ཆོད་དོན་སྤེལ་དགོས་པའི་རེ་བཏོན་ཡང་། ཏང་ཁོ་རེ་འགའ་ཡིས་སྔར་ལས་མང་བའི་དུས་ཡུན་ནང་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན། 

མཱ་ཐཱ་ལོས་ལཱ་ཡིས་བཤད་རྒྱུར། ཚེས་ཉེར་བདུན་ཉིན་ནས་བཟུང་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོས་ཏང་ཁག་སོ་སོས་མཉམ་འབྲེལ་སྲིད་གཞུང་འཛུགས་པར་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན། དེ་ལྟར་གྲོས་མཐུན་མ་བཀོད་ན་འདེམ་བསྐོའི་བྱ་འགུལ་སྔ་སྣུར་གྱིས་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།