ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་དང་དབྱི་སི་རལ་གྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཚེས་བཅུ་དགུའི་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གཅིག་གྱུར་ཡིད་འཐད་བྱུང་། 

ཙེ་ལེན་སི་ཅི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་སྲིད་གཞུང་གིས་ཤུགས་ཆེན་པོས་ཝུའུ་ཁི་ལན་གྱི་ཕྱིན་ཆད་ལོ་ལྔའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཝུའུ་ཁི་ལན་གྱིས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་སློབ་གསོ། སྨན་བཅོས་བཅོས་བསྒྱུར། ནུས་ཁུངས་དང་བརྡ་འཕྲིན་ལག་རྩལ་གྱི་གསར་སྤེལ་ཁྱབ་ཁོངས་སུ་ལག་རྩལ་དང་དངུལ་གཏོང་ནང་འགུག་བྱེད་དགོས་ལ། དབྱི་སི་ལན་གྱི་ཁེ་ལས་ཝུའུ་ཁི་ལན་དུ་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པའི་རེ་བ་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་ཝུའུ་ཁི་ལན་གྱི་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་ལ་ཞུགས་འདོད་ཡོད། ཝུའུ་ཁི་ལན་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ཡོད་ཅིང་། དབྱི་སི་རལ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ཟླ་དང་པོར་བཀོད་པའི་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་གང་མགྱོགས་སྒོས་གྲོས་ཆོད་དེར་ཆོག་མཆན་འགོད་རྒྱུ་ཡིན་ཟེར། 

ཉིན་དེར་ཝུའུ་ཁི་ལན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱིས་ཞིང་ལས་དང་སློབ་གསོའི་ཁྱབ་ཁོངས་སུ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཡིག་ཆ་བཀོད་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཝུའུ་ཁི་ལན་དུ་འབྱོར་ནས་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་དབྱི་སི་རལ་གྱི་ཙུང་ལི་ཡིས་ཚེས་ཉི་ཤུའི་ཉིན་ཐོག་དང་པོར་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།