ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ཀན་ཏཱ་ནས་སྣུམ་འདྲུད་རླངས་འཁོར་ལ་འགས་གཏོར་བྱུང་བའི་དོན་རྐྱེན་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཝུ་ཀན་ཏཱའི་ནུབ་ཕྱོགས་ཀྱི་ལུའུ་པུས་ལི་དཔལ་འབྱོར་ས་ཁུལ་དུ་ཚེས་བཅོ་བརྒྱད་ཉིན་སྣུམ་འདྲུད་རླངས་འཁོར་ཞིག་ལ་འགས་གཏོར་བྱུང་། མིག་སྔར་དོན་རྐྱེན་དེ་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ལུའུ་པུས་ལི་དཔལ་འབྱོར་ས་ཁུལ་གྱི་གཞུང་ལམ་ཞིག་གི་སྟེང་སྣུམ་འདྲུད་རླངས་འཁོར་ཞིག་གློ་བུར་དུ་ཁ་ལོ་བྱེད་ཐབས་བྲལ་ནས་རླངས་འཁོར་གཞན་པར་ཐོབ་བརྒྱབ་རྗེས་མེར་འབར་བ་དང་དེར་མཐུད་ནས་འགས་གཏོར་བྱུང་། དོན་རྐྱེན་བྱུང་རྗེས་ཉེ་འདབས་ཀྱི་མེ་གསོད་རུ་ཁག་མྱུར་མོར་ཡུལ་དངོས་སུ་སོང་ནས་མེ་སྐྱོན་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱས། 

ལུའུ་པུས་ལི་དཔལ་འབྱོར་ས་ཁུལ་ལ་དོ་དམ་བྱེད་པི་པུའུ་ཞེ་ནེ་ས་ཁུལ་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཐུའུ་མུའུ་ཞི་དབྱེ་མཱེ་ཡིས་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་མི་སྣས་ཡུལ་དངོས་ནས་བེམ་པོ་བཅོ་བརྒྱད་རྙེད་ཡོད། ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་སྣུམ་འདྲུད་རླངས་འཁོར་དེར་ཡང་བསྐྱར་མེ་འབར་བ་དང་། འདས་པོའི་བེམ་པོ་འཚོལ་བའི་འགུལ་སྐྱོད་གནས་སྐབས་སུ་མཚམས་བཞག སྣུམ་འདྲུད་རླངས་འཁོར་འཁྱག་རྗེས་ཡང་བསྐྱར་མུ་མཐུད་དུ་འཚོལ་ཞིབ་བྱེད་རྒྱུ་རེད། 

མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།