ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་འོས་འགན་ཇེ་ཉུང་དུ་གཏོང་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་ད་ལྟའི་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་དམ་བཅའ་ལག་བསྟར་བྱེད་ཐུབ་མེད་པས། དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་འོས་འགན་ཇེ་ཉུང་དུ་གཏོང་རྩིས་ཡོད་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔའི་བར་དུ་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་གྲོས་མོལ་བྱ་བར་ཕམ་ཉེས་བྱུང་བས། དབྱི་ལིང་གིས་ཕྱོགས་སོ་སོས་ལག་བསྟར་གནས་ཚུལ་ལ་གཞིགས་ཏེ་དུས་རིམ་གསུམ་པར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་བསྟར་བྱེད་པའི་འོས་འགན་ཇེ་ཉུང་དུ་གཏོང་བའི་གྲ་སྒྲིག་བྱ་བ་སྤེལ་བཞིན་ཡོད་ཟེར། 

མུའུ་སཱ་ཝེ་ཡིས་བསྟན་དོན། ཡོ་རོབ་གླིང་རྒྱལ་ཁབ་རེ་འགས་ཕྱི་འབྲེལ་གྱི་འབད་བརྩོན་བྱེད་བཞིན་ཡོད་པས། དབྱི་ལིང་གིས་མཇུག་འབྲས་ལ་བརྟེན་མཐར་མཇུག་གི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།