ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་སུའུ་ཏན་ལ་རོགས་རམ་བྱས་ཏེ་བྲེལ་མྱུར་འབྲུ་རིགས་རོགས་སྐྱོར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གླེང་སྟེགས་ཚགས་པར་གྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་ལ་ཡོ་སྒོར་ས་ཡ་བདུན་གྱི་མ་དངུལ་འདོན་སྤྲོད་བྱས་ཏེ། སུའུ་ཏན་གྱིས་བྲེལ་མྱུར་འབྲུ་རིགས་རོགས་སྐྱོར་སྤེལ་བར་རོགས་རམ་བྱས་ཡོད་ཟེར། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་རོགས་སྐྱོར་མ་དངུལ་དེ་སུའུ་ཏན་གྱིས་ས་ཁོངས་གཙོ་བོར་འགུལ་སྐྱོད་སྤེལ་བར་རོགས་རམ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་དང་། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་འབྲེལ་ཡོད་ཀྱི་འཚོ་བཅུད་སྨན་སྣ་འདོན་སྤྲོད་བྱས་ནས་འཚོ་བཅུད་མི་འདང་བ་གསོ་བཅོས་དང་སྔོན་འགོག་བྱེད་པ་དང་དེ་མིན་སུའུ་ཏན་གྱི་མཐའ་འཁོབ་ས་ཁུལ་གྱི་ཨ་མ་དང་བྱིས་པར་འཚོ་བཅུད་ཁ་གསབ་བྱེད་པར་རོགས་རམ་བྱེད་པ་སོགས་འདུས། 

དེ་ལས་གཞན་རོགས་སྐྱོར་མ་དངུལ་དེ་སྒོར་རྐྱང་དུ་རྩིས་སྤྲོད་བྱེད་པའི་ཐབས་ཀྱིས་སུའུ་ཏན་ས་གནས་སྡོད་ཁུལ་ལ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཁྱིམ་མེད་པར་འཁྱམ་བཞིན་པའི་ཡུལ་གྱར་བ་འབུམ་ཕྲག་འགའ་ལ་བྲེལ་མྱུར་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། 

ཉེ་བའི་ལོ་འགའི་རིང་ལ་སུའུ་ཏན་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་སོང་བ་དང་། ཟས་རིགས་ཀྱི་རིན་གོང་ཇེ་མཐོར་སོང་ཡོད་ལ། འབར་སྣུམ་ཧ་ཅང་དཀོན་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། སུའུ་ཏན་དུ་ལོ་ལྔའི་མན་གྱི་བྱིས་པ་ས་ཡ་གཅིག་དང་འབུམ་བརྒྱད་ཙམ་འཚོ་བཅུད་མི་འདང་བའི་རྣམ་པར་གནས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།