ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་མཚོ་དམག་གི་འཕུར་མདའ་སྒྲིག་སྦྱོར་བྱས་པའི་གྲུ་གཟིངས་ཀྱིས་འཇར་པན་མཚོ་ཁོངས་ནས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག་གི་གསར་འགྱུར་ཁྲུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ད་ལོར་རིམ་འཕར་ལེགས་བཅོས་ཡོངས་འགྲུབ་བྱས་པའི་དྲག་རླུང་འཚུབ་མ་རྟགས་ཅན་གྱི་འཕུར་མདའ་སྒྲིག་སྦྱོར་བྱས་པའི་གྲུ་གཟིངས་ཀྱིས་ཉིན་དེར་འཇར་པན་མཚོ་ཁོངས་ནས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དྲག་རླུང་འཚུབ་མ་རྟགས་ཅན་གྱིས་མཚོ་ནང་དང་བར་སྣང་གི་དམིགས་འབེན་ལ་འཕུར་མདའ་གཏོང་འཕེན་བྱས་ཏེ་བདེ་བླག་ངང་དམིགས་འབེན་ལ་ཕོག་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དྲག་རླུང་འཚུབ་མ་རྟགས་ཅན་ལ་ཉེ་སྔོན་གྲངས་ལྡན་མེ་ཤུགས་ཚོད་འཛིན་མ་ལག་དང་རྣམ་པ་གསར་བའི་གློག་འོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། འཕུར་མདའ་གཏོང་འཕེན་གྱི་བྱེད་ནུས་ལ་ཚོད་ལྟ་གང་མང་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།