ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཏིའི་ནུབ་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲ་ཏིའི་ནུབ་ཕྱོགས་ཀྱི་ཧུའུ་ཧྲིན་ནས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་དྲུག་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་གྱིས་ཧུའུ་ཧྲིན་གྱི་ས་གནས་ཚོ་དཔོན་རྒན་པ་ཞིག་གི་སྡོད་ཁང་ཉེ་འདབས་སུ་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། བདེ་སྲུང་མི་སྣ་བཞི་དང་དམག་མི་གཅིག་རྐྱེན་ལམ་དུ་ཤོར། འཇབ་རྒོལ་མཁན་རང་ཉིད་ཀྱང་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

མིག་སྔའི་བར་དུ་རྩ་འཛུགས་གང་རུང་གིས་ཐེངས་འདིའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཧུའུ་ཧྲིན་ནི་ནེ་ཀྲི་རི་ཡཱ་དང་ནེ་ཀྲིར། ཁཱ་མེ་ལུང་བཅས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དུས་རྒྱུན་མཐའ་མཚམས་ས་ཁུལ་དེར་འཇིགས་སྐུལ་བྱ་འགུལ་སྤེལ་བྱེད་བཞིན་ཡོད། ད་ལོའི་ཟླ་གསུམ་པ་དང་བཞི་བའི་ནང་། ཀྲ་ཏིའི་དམག་དཔུང་གིས་ཐེངས་གཉིས་ལ་ཧུའུ་ཧྲིན་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་ཅུ་ལྷག་བསད་ཡོད་པ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།