ཀྲུང་གོ་བོད་ཀྱི་དྲ་བ།

ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་ལྔ་བཅུ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཐུའུ་ཝ་ལུའུ་ནས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་ལྔ་བཅུ་བའི་མགོ་ཁྲིད་པའི་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཝུའུ་ཝ་ལུའུ་ཡི་རྒྱལ་ས་ཧྥུའུ་ནཱ་ཧྥུའུ་ཐིས་ནས་སྤེལ་མགོ་བརྩམས། གླེང་སྟེགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་མགོ་ཁྲིད་པ་དང་དེའི་འཐུས་མི་གྲོས་ཚོགས་ལ་ཞུགས། 

ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་འདོན་སྤྲོད་བྱས་པའི་གསར་འགྱུར་ལྟར་ན། སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ང་ཚོའི་ཞི་བདེ་རྒྱ་མཚོ་ཆེན་མོའི་མ་འོངས་པར་འགན་སྲུང་བྱེད་པ་དེ་ཡིན། ཚོགས་ཡུན་ཉིན་བཞི་ཡིན་པའི་གྲོས་ཚོགས་སྐབས་སུ། ཚོགས་ཞུགས་མི་སྣ་དག་གིས་གཙོ་བོ་ནམ་ཟླའི་འགྱུར་ལྡོག་དང་དཔལ་འབྱོར་འཕེལ་རྒྱས། མཚོ་དོན་བདེ་འཇགས། རྒྱ་མཚོའི་སྦགས་བཙོག་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་ཡིན་ཟེར། 

སྐབས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཝུའུ་ཝ་ལུའུ་ཡི་ཙུང་ལི་སོ་པའོ་ཨ་ཅཱ་ཡིས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པའི་ཐེངས་འདིའི་ལས་འགན་གཙོ་བོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དག་གི་མི་དམངས་ཀྱི་འཚོ་སྡོད་དང་། གླིང་ཕྲན་དང་རྒྱ་མཚོ་ཆེན་མོའི་སྲུང་སྐྱོབ་སོགས་ལ་འབྲེལ་ཡོད། ཚང་མས་ངེས་པར་དུ་འགུལ་སྐྱོད་བསྒྱུར་བར་ཁས་ལེན་བྱས་ཏེ་དགོས་ངེས་ཀྱི་མགོ་ཁྲིད་ནུས་པ་མངོན་པར་བྱེད་དགོས་པར་མ་ཟད། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐབས་ལམ་ཡང་དག་འཚོལ་ཞིབ་བྱེད་དགོས་ཟེར། 

ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་དེ་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་བཙུགས་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མི་རྒྱལ་ཁབ་སྲིད་གཞུང་བར་གྱི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱི་ཕྱོགས་སྲིད་ཇུས་ལ་མཐུན་སྦྱོར་བྱེད་པའི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཡིན་ལ། དེའི་ཁོངས་གཏོགས་རྒྱལ་ཁབ་ལ་ཨོ་སི་ཁྲུ་ལི་ཡཱ་དང་། ནེའུ་ཙེ་ལན། པཱ་པུའུ་ཡཱ་ཞིན་ཀེའུ་ནེ་ཡཱ། ཝ་ནོའུ་ཨ་ཐུའུ་སོགས་འདུས། གླེང་སྟེགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།