ཀྲུང་གོ་བོད་ཀྱི་དྲ་བ།

བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཀྲི་ལིའི་ཉོ་ཚོང་མཉམ་ལས་ཀྱི་བརྗོད་དོན་གྲོས་ཚོགས་ཀྲི་ལི་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དགུ་ལོའི་བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཀྲི་ལི་ཡཱའི་ཉོ་ཚོང་མཉམ་ལས་ཀྱི་བརྗོད་དོན་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་ཀྲི་ལིའི་རྒྱལ་ས་ཧྲིན་ཏིས་ཡཱ་ཀི་ནས་སྤེལ། ཀྲུང་གོ་དང་ཀྲི་ལིའི་དཔོན་རིགས་དང་ཁེ་ལས་པས་བརྒྱུད་གཅིག་ལམ་གཅིག་ལ་མཉམ་དུ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་། 

ཐེངས་འདིའི་གྲོས་ཚོགས་ནི་ཀྲི་ལི་ཡཱའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་དང་ཀྲི་ལིའི་ཀྲུང་གོའི་ཚོང་ཚོགས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཡིན། ཀྲི་ལིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆེད་མངག་ཕོ་ཉ། སྔོན་ཆད་ཀྱི་ཙུང་ཐུང་ཧྥོ་ལོས་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲི་ལི་ཡིས་བརྒྱུད་གཅིག་ལམ་གཅིག་གི་འདོད་བློར་བརྟེན་ནས་གློག་འཕྲིན་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་དགོས་པ་དང་། ཀྲི་ལི་དང་ཀྲུང་གོའི་ས་ཁུལ་གནས་སྲིད་གཞུང་གིས་བརྗེ་རེས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་སོང་བར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་རེ་བ་ཡོད་ཟེར། 

ཀྲི་ལིའི་དམངས་གྲོས་ཁང་གི་ཧྥོ་ལོ་ལོས་སི་ཡིས་བཤད་རྒྱུར། ཀྲི་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་བར་གྱི་བརྗེ་རེས་དེ་ཆབ་སྲིད་དང་དཔལ་འབྱོར་གྱི་རྨང་གཞིའི་སྟེང་ཚན་རྩལ་དང་རིག་གནས་ཀྱི་ནང་དོན་ཁ་སྣོན་བྱས་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ནང་དོན་འཐུས་ཚང་བར་བྱས་ཡོད། དེ་ལས་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རང་བཞིན་ཆེས་ཆེར་ལྡན་པའི་རྣམ་པ་གསར་བའི་འབྲེལ་བ་འཛུགས་བཞིན་ཡོད་པ་མཚོན་ཡོད། 

ཀྲི་ལིའི་ཞིང་ལས་པུའུ་ཀྲང་ཝ་ཨར་ཁི་ཡིས་མཚམས་སྦྱོར་བྱས་དོན། ཀྲི་ལི་ཡིས་ལོ་རེར་ཀྲུང་གོར་ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་གསོ་ལས་རིགས་བཅས་ཀྱི་ཐོན་རྫས་མང་བོ་ཕྱིར་གཏོང་བྱེད་བཞིན་ཡོད་པ་དང་། ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཆོག་མཆན་ཐོབ་པའི་ཞིང་ཞོར་ཐོན་རྫས་གང་ཡིན་ཡང་ཀྲི་ལི་རུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཕྲག་འགའ་ཡོད་ལ། དེ་ཕྱིར་གཏོང་ལས་ཀྲི་ལིའི་ལས་ཞུགས་མང་བོར་གཞོགས་འདེགས་བྱས་ཏེ། ཀྲི་ལིའི་ཞིང་སྡེའི་དབུལ་ཕོངས་སེལ་བར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།