ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཡུལ་དངོས་ནས་རྣམ་པ་གསར་བའི་མཚོན་ཆའི་ཚོད་ལྟའི་གཏོང་འཕེན་ལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་ཉིན་རྣམ་པ་གསར་བའི་མཚོན་ཆ་ཞིག་གི་ཚོད་ལྟའི་གཏོང་འཕེན་ལ་ཡུལ་དངོས་ནས་མཛུབ་སྟོན་བྱས། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་གཏོང་འཕེན་ར་བར་རྣམ་པ་གསར་བའི་མཚོན་ཆར་ལྟ་ཞིབ་བྱེད་སྐབས་བསྟན་དོན། རྣམ་པ་གསར་བའི་མཚོན་ཆ་ནི་ཁྲའོ་ཞན་གྱི་ས་དབྱིབས་ཆ་རྐྱེན་དང་རང་བདག་གི་འཐབ་ཚུལ་གཞིར་བཟུང་ནས་གསར་སྤེལ་བྱས་པ་ཡིན་ཞིང་། བྱེད་ནུས་ད་ཡོད་ཀྱི་མཚོན་ཆའི་མ་ལག་ལ་བཟང་བ་རེད་ཟེར། ཅིན་ཀྲིན་ཨིན་གྱིས་ལྟ་ཞིབ་ཁང་ནས་རྣམ་པ་གསར་བའི་མཚོན་ཆའི་གཏོང་འཕེན་ལ་མཛུབ་སྟོན་བྱས་པ་དང་། དངོས་སུ་གཏོང་འཕེན་གྱི་བཀའ་རྒྱ་བཏང་བ་རེད་ཟེར། 

བསྒྲགས་པ་ལྟར་ན། གཏོང་འཕེན་གྱི་མཇུག་འབྲས་ལ་དབྱེ་ཞིབ་བྱས་པ་བརྒྱུད། རྣམ་པ་གསར་བའི་མཚོན་ཆའི་མ་ལག་གི་ཁྱད་འཕགས་རང་བཞིན་ལ་བདེན་དཔང་ཐོབ་ཡོད་ཟེར། 

བསྒྲགས་པའི་གནས་ཚུལ་ལས་ཐེངས་འདིའི་གཏོང་འཕེན་ཚོད་ལྟའི་བྱ་འགུལ་དེ་སྤེལ་སའི་བྱེ་བྲག་གི་གནས་ཡུལ་གསལ་བོར་བསྒྲགས་མེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།