ནེ་པཱ་ལཱའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གཙང་བོར་ལྷུང་ནས་མི་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ནེ་པཱ་ལཱའི་མི་བཞི་བཅུ་ཙམ་དྲུད་པའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་དགུ་ཉིན་གྱི་ཞོགས་པར་ནེ་པཱ་ལཱའི་དབུས་ཕྱོགས་ཀྱི་ཐཱ་ཏེན་རྫོང་ནས་གཙང་བོར་ལྷུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་དྲུག་ལ་རྨས་ཕོག་ཡོད། གཞན་ཡང་མི་བཅུ་ལྷག་གར་སོང་རྙེད་མེད་ཟེར། 

ཐཱ་ཏེན་རྫོང་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཕན་ཏིས་ཀྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཏི་ལི་སུའུ་ལེ་གཙང་བོའི་ཁྲོད་ནས་འདས་པོའི་བེམ་པོ་ལྔ་རྙེད་པ་དང་། གཞན་ཉུང་མཐར་ཡང་མི་བཅུ་གཉིས་གར་སོང་རྙེད་མེད་ལ། རྒུད་སྐྱོབ་བྱ་བ་མིག་སྔར་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེ་སཱ་ཨར་ལཱ་ཞེ་རྫོང་ནས་རྒྱལ་ས་ཀ་ཏི་མན་ཏུའུ་རུ་འགྲོ་བཞིན་ཡོད་པ་དང་། དོན་རྐྱེན་བྱུང་ས་དེ་ཀ་ཏི་མན་ཏུའུ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་ཡོད་པའི་གནས་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།