ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་གྱིས་སྐོར་ཐེངས་གསར་བའི་འཐབ་ཇུས་གྲོས་མོལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་དབྱིན་གྱིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡུས་ཁྲིན་གྱིས་ཟླ་བརྒྱད་པའི་ཚེས་བཅུ་ཉིན་འཇར་པན་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ཁྱིག་ཡེ་ཀང་ནན་དང་མཉམ་དུ་འཇར་པན་ནས་སྐོར་ཐེངས་གསར་བའི་ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གྲོས་མོལ་སྤེལ་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱེད་རེད་ཟེར། 

ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་དང་། ཐེངས་འདིའི་གྲོས་མོལ་ནི་ལོ་བདུན་གྱི་རྗེས་སུ་ཡང་བསྐྱར་སླར་གསོ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཕན་ཚུན་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སྔར་ལས་ལེགས་བཅོས་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་བས་ཁེངས་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།