ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ལ་འགན་སྲུང་བྱེད་པ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་མ་མཐའི་ཚད་ཐིག་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། དབྱི་ལིང་གིས་ཉིན་རེ་བཞིན་མ་བཅོས་རྡོ་སྣུམ་ཟོ་ས་ཡ་གཉིས་དང་འབུམ་བརྒྱད་ཕྱིར་གཏོང་བྱེད་པར་འགན་སྲུང་བྱེད་བཞིན་ཡོད་ལ། དེ་ནི་དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་མ་མཐའི་ཚད་ཐིག་ཡིན་ཟེར། 

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། མུ་མཐུད་དུ་གྲོས་མཐུན་དེ་ལག་བསྟར་བྱེད་འདོད་ཀྱང་ཡོད། ཡིན་ཡང་གྲོས་མཐུན་དེ་བཀོད་པའི་ཕྱོགས་ཁག་གཞན་པས་ཀྱང་འགུལ་སྐྱོད་སྤེལ་དགོས། དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་མ་བྱས་ཡར་སྔོན་དུ་ཚད་དུ་བསླེབ་དགོས། དེ་ནི་དབྱི་ལིང་གིས་མུ་མཐུད་དུ་གྲོས་མཐུན་དེ་ལག་བསྟར་བྱེད་པའི་མ་མཐའི་ཚད་ཐིག་ཡིན་ཟེར། 

ཀྲ་ལི་ཧྥུའུ་ཡིས་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་དབྱི་ལིང་ལ་ཁས་ལེན་བྱས་པའི་དམ་བཅའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། མིག་སྔར་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ཙམ་མ་ཡིན་པར། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་དབྱི་ལིང་གི་མ་དངུལ་འཁོར་རྒྱུག་ལ་འགན་སྲུང་བྱེད་པ་དང་དབྱི་ལིང་བར་མཉམ་ལས་རབ་དང་རིམ་པ་སྤེལ་བའི་དམ་བཅའ་སོགས་གང་ཡང་ལག་ལེན་དུ་བསྟར་མེད་ཟེར། ཁོས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་གྲོས་མཐུན་ལག་བསྟར་བྱེད་པའི་གནས་ཚུལ་དེ་ཨ་མེ་རི་ཁར་རག་ལས་ན་མི་འོས་ཟེར།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།