ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཆན་ཏའོ་ལྷོ་མའི་གླིང་ཚོམས་དུ་མེ་མདའ་གཏོང་འཕེན་གྱི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱི་ཁོངས་སུ་གཏོགས་པའི་དམག་དཔུང་གིས་ཉིན་དེ་ནས་བཟུང་ཆན་ཏའོ་ལྷོ་མའི་གླིང་ཚོམས་ཀྱི་གོ་ཧིག་གླིང་ཕྲན་ནས་མེ་མདའ་གཏོང་འཕེན་གྱི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

སྤྱི་སྒྲོག་ལས་བསྟན་དོན། ཐེངས་འདིའི་མེ་མདའི་གཏོང་འཕེན་གྱི་དམག་དོན་སྦྱོང་བརྡར་ནི་རྒྱུན་ལྡན་གྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། ཚེས་བཅུའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད། 

བསྒྲགས་པ་ལྟར་ན། འཇར་པན་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ཐད་ནས་ཨུ་རུ་སི་ལ་ངོ་རྒོལ་བྱས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་འབྲེལ་ཡོད་འགུལ་སྐྱོད་དེ་རང་ཉིད་ཀྱི་མངའ་ཁོངས་སུ་སྤེལ་བ་ཡིན་ཟེར། 

ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་གཉིས་ཉིན་ཆན་ཏའོ་ལྷོ་མའི་གླིང་ཚོམས་ཀྱི་ཙེ་ཀྲུའུ་གླིང་ཕྲན་དུ་རྟོག་ཞིབ་བྱས། འཇར་པན་གྱིས་ཁོ་རང་ཨུ་རུ་སི་དང་འཇར་པན་གྱི་རྩོད་གཞིར་གྱུར་བའི་གླིང་ཕྲན་དུ་སོང་བར་ངོ་རྒོལ་བྱེད་པར་དམིགས་ནས། མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། ཆན་ཏའོ་ལྷོ་མའི་གླིང་ཚོམས་དེ་ཨུ་རུ་སི་ལ་མཚོན་ན་འཐབ་ཇུས་རིན་ཐང་གལ་ཆེན་ལྡན་པ་དང་། ཨུ་རུ་སིའི་མངའ་ཁོངས་ཡིན་པས། ཨུ་རུ་སིའི་རྒྱལ་ཁབ་གཞུང་ཞབས་པ་ཆན་ཏའོ་ལྷོ་མའི་གླིང་ཚོམས་དང་ཡང་ན་ཨུ་རུ་སིའི་མངའ་ཁོངས་གཞན་པ་གང་རུང་དུ་འགྲོ་བར་རྒྱལ་ཁབ་གང་རུང་བར་གྲོས་མོལ་བྱེད་པའི་དགོས་པ་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།