པའོ་ལེ་ཝེ་ཡཱའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལེ་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། པའོ་ལེ་ཝེ་ཡཱའི་ལཱ་པཱ་སི་ཞིང་ཆེན་དུ་ཚེས་བཞི་ཉིན་གྱི་ནམ་གུང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཟེར། 

པའོ་ལེ་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཚེས་བཞི་ཉིན་གྱི་ནམ་གུང་གི་ཡས་མས་སུ། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ལཱ་པཱ་སི་ནས་ཨ་པའོ་ལོའི་བར་གྱི་ཞིང་ཆེན་གཞུང་ལམ་སྟེང་གི་ཁྲ་ལཱ་སཱ་ནེ་ས་ཁུལ་དུ་བགྲོད་སྐབས་གཏིང་ཚད་ལ་རྨིད་ཉིས་བརྒྱ་ཡོད་པའི་གྲོག་རོང་དུ་ལྷུང་། རླངས་འཁོར་སྟེང་གི་འགྲུལ་བ་དག་ནི་ཨ་པའོ་ལོའི་ཞིང་སྡེའི་སྡོད་ཁུལ་དུ་འཕྲོད་བསྟེན་དྲིལ་སྒྲོག་བྱ་འགུལ་ལ་ཞུགས་པར་འགྲོ་བའི་སྨན་བཅོས་མི་སྣ་རེད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།