ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁས་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་སྤྱད་པར་ཡིད་འཕང་བའི་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་གཉིས་ཉིན་མའོ་སི་ཁི་ནས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བར་དུག་ཕོག་པའི་གྱོད་དོན་ཐད་ནས་ཨུ་རུ་སི་ལ་སྐོར་ཐེངས་གཉིས་པའི་བཀག་སྡོམ་བྱེད་ཐབས་སྤྱད་དེ་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་གནོད་པ་བཏང་བར་ཨུ་རུ་སི་འཕང་སེམས་ཆེན་པོ་སྐྱེས་བཞིན་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་གཉིས་ཉིན་ད་ལྟའི་ཨུ་རུ་སི་ཞེས་པའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ལ་དམིགས་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་དེ་ཨ་མེ་རི་ཁའི་ནང་སྲིད་ལ་འབྲེལ་བ་ཡོད། ཨ་མེ་རི་ཁའི་མི་ལ་ལས་ཨུ་རུ་སིའི་བར་གྱི་འབྲེལ་བ་དེ་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཀྱི་ཡོ་བྱད་དུ་བྱས་ཡོད་པས། གཏོར་བརླག་ཚབས་ཆེན་ཐེབས་པའི་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོགས་པོའི་འབྲེལ་བ་དེ་སྟབས་མ་ལེགས་པར་གནོད་པ་ཐེབས་སར་གྱུར་ཡོད་ཟེར། 

ཨ་མེ་རི་ཁའི་ཐིང་ལིང་ཕུའུ་ཡིས་ཚེས་གཅིག་ཉིན་ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བར་དུག་ཕོག་པའི་གྱོད་དོན་ཐད་ནས་ཨུ་རུ་སི་ལ་སྐོར་ཐེངས་གཉིས་པའི་བཀག་སྡོམ་སྲིད་འཛིན་བཀའ་རྒྱ་བཏང་བ་དང་། བཀག་སྡོམ་བྱེད་ཐབས་ལ་ཨུ་རུ་སིའི་སྲིད་གཞུང་ལ་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་ནས་དངུལ་བུན་ཐོབ་པར་བཀག་འགོག་བྱེད་པ་སོགས་འདུས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།