ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ནང་སྲིད་པུའུ་ཡི་པུའུ་ཀྲང་གིས་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པར་བསམ་བློ་གཏོང་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། འཇར་མན་ནང་སྲིད་པུའུ་ཡི་པུའུ་ཀྲང་ཙེ་ཧའོ་ཧྥེ་ཨར་གྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཁོས་འཇར་མན་གྱི་མཐའ་མཚམས་སུ་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱས་ཏེ་རྒྱལ་ནང་གི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཙེ་ཧའོ་ཧྥེ་ཨར་གྱིས་ཉིན་དེར་མེ་ལོང་ཞེས་པའི་གཟའ་འཁོར་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོས་ཟླ་རྗེས་མར་གྲོས་གཞི་སྤྲད་དེ། འཇར་མན་གྱི་མཐའ་མཚམས་ས་ཁུལ་དུ་རིག་ནུས་ཅན་གྱི་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། རླངས་འཁོར་འབབ་ཚིགས་སོགས་སུ་སྔར་ལས་མང་བའི་བདེ་འཇགས་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། 

ཙེ་ཧའོ་ཧྥེ་ཨར་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར་མི་ཁྲི་བཞི་དང་སྟོང་གསུམ་ཙམ་ཁྲིམས་འགལ་གྱིས་འཇར་མན་མངའ་ཁོངས་སུ་ཡོང་བ་དང་། སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར། ཁོས་དམིགས་སུ་བཀར་ནས་བསྟན་དོན། འཇར་མན་དང་སེའུ་ཙེར་གྱི་མཐའ་མཚམས་སུ་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱ་དགོས་པའི་གནས་ཚུལ་གླེང་། རྣམ་འགྱུར་དེ་ནི་ཟླ་སྔོན་མའི་ཟླ་མཇུག་ཏུ་ཧྥ་ལན་ཁི་ཧྥུའུ་ཀྲུང་དབྱང་མེ་འཁོར་ས་ཚིགས་སུ་མི་ཤི་དོན་རྐྱེན་བྱུང་བའི་ལན་ཡིན་པར་བསམ་ཆོག

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།