ཀྲུང་གོ་བོད་ཀྱི་དྲ་བ།

“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོ་དང་མ་ལེ་ཞི་ཡའི་མི་ཆོས་རིག་གནས་སྤེལ་རེས་དང་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཁྭ་ལ་ལུམ་ཕུར་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གོང་ཚེས་ཉིན། ཁྭ་ལ་ལུམ་ཕུར“རྒྱུད་གཅིག་ལམ་གཅིག”གི་ཀྲུང་གོ་དང་མ་ལེ་ཞི་ཡའི་མི་ཆོས་རིག་གནས་སྤེལ་རེས་དང་དཔལ་འབྱོར་མཉམ་ལས་གླེང་སྟེགས་འཚོགས་པ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཚོང་ཚོགས། ཁེ་ལས་མཁས་ཅན་བཅས་ཀྱི་འཐུས་མི་བརྒྱ་ཕྲག་ཞུགས་ཡོད་པ་དེ་དག་གིས“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་གྲུབ་འབྲས་གསར་པ་དང་། བསམ་ཕྱོགས་གསར་པ། འཕེལ་རྒྱས་གསར་པ་བཅས་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཏེ་ཀྲུང་གོ་དང་མ་ལེ་ཞི་ཡའི་མི་ཆོས་རིག་གནས་སྤེལ་རེས་དང་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་སྐུལ་མ་གཏོང་རྒྱུ་རེད།

ཀྲུང་གོར་བཅའ་སྡོད་མ་ལེ་ཞི་ཡའི་དམིགས་ བསལ་ཕོ་ཉ་མ་ལེ་ཞི་ཡ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་གོ་ཝེ་ཡིས་ཤིས་ཚིག་བརྗོད་སྐབས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་གོ་ལ་ཧྲིལ་པོར་འཕྱུར་བཞིན་ཡོད་པས་མ་ལེ་ཞི་ཡའི་རྒྱ་ཡིག་སློབ་གྲྭའི་ནང་ཀྲུང་གོ་བའི་རྒྱུད་པ་མིན་པའི་སློབ་མའི་བསྡུར་ཚད་20%ལྷག་ཙམ་ཟིན་ཡོད། ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཟམ་མི་ཆད་པར་དོན་འཁྱོལ་བྱུང་བ་བརྒྱུད་མ་ལེ་ཞི་ཡའི་ཕྱི་ཁོངས་ཀྲུང་གོ་བས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རིང་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་པའེ་ཐེན་གྱིས“རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཚང་མར་གོ་སྐབས་ཧ་ཅང་ཆེན་པོ་སྦྱིན་པས་ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་འབྱུང་འགྱུར་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།