མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ལས་འཛིན་པའི་དབང་ཆ་སྤྲོད་པའི་མཛད་སྒོ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤྱི་ཁྱབ་ལས་འཛིན་པའི་དབང་ཆ་སྤྲོད་པའི་མཛད་སྒོ་སྤེལ། ད་ལོའི་ཟླ་དྲུག་པར་གསར་དུ་བདམས་པའི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གསར་བ་ཆུས་ཏུང་ཡུས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལས་འགན་ཁུར་ཏེ། ཏཱ་ཞི་ཨར་ཝ་ཡི་ཚབ་བྱེད་རྒྱུ་རེད། 

ཆུས་ཏུང་ཡུས་ཀྱིས་དབང་ཆ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོའི་སྟེང་ཏཱ་ཞི་ཨར་ཝ་ཡིས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཆུས་ཏུང་ཡུས་ཀྱིས་བསྟན་དོན། མ་འོངས་པའི་ལོ་ངོ་བཞིའི་འགན་ཡུན་ན། ཁོས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དེ་སྔར་ལས་གསོན་ཤུགས་ལྡན་པ་དང་མངོན་གསལ་ཡིན་ལ། བཟོད་སྒོམ་ལྡན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན། ཁོས་དེང་རབས་ཚན་རིག་ལག་རྩལ་དང་གསར་གཏོད་རང་བཞིན་གྱི་བྱེད་ཐབས་དེ་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་བྱ་བའི་ཁྲོད་བེད་སྤྱོད་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། གྲངས་ལྡན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སྒེར་གཉེར་སྡེ་ཁག་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྩ་འཛུགས་དེའི་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 

ཆུས་ཏུང་ཡུས་ཀྱིས་རྒྱང་སྐྱོད་གསར་བ་དང་ལས་འགན་གསར་བ། འགན་འཁྲི་གསར་བ་བཅས་ཀྱིས་རང་ཉིད་ཀྱི་བསམ་ཚོར་ཕྱོགས་བསྡོམ་བྱས། 

ཏཱ་ཞེ་ཝ་ཨར་གྱིས་བཤད་རྒྱུར། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལག་རྩལ་དང་བྱེད་ཐབས་གཞན་པར་བརྟེན་ནས་སྟོབས་ཤུགས་ཞན་པའི་ཚོགས་ཁག་གི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་ནུས་གལ་ཆེན་འདོན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཆུས་ཏུང་ཡུས་ཀྱི་ཤེས་བྱ་དང་ཉམས་མྱོང་ཕུན་སུམ་ཚོགས་ལ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།