ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་ད་ལོའི་ལོ་སྟོད་དུ་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཐེངས་བཅུ་བདུན་ཕམ་ཉེས་སུ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་མཉམ་འབྲེལ་རྒྱལ་ཕྲན་གྱི་སྤྱིའི་ཞིབ་དཔྱོད་ཁང་གི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་གཞོན་པ་དང་པོར་པུའུ་ཁི་སི་མན་གྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ད་ལོའི་ལོ་སྟོད་དུ་ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་གྲ་སྒྲིག་དུས་རིམ་གྱི་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཐེངས་བཅུ་བདུན་ཕམ་ཉེས་སུ་བཏང་ཟེར། 

པུའུ་ཁི་སི་མན་གྱིས་ཨུ་རུ་སི་མཉམ་འབྲེལ་རྒྱལ་ཕྲན་གྱི་སྤྱིའི་ཞིབ་དཔྱོད་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ཀྱི་བྱ་བའི་སྤྱི་སྡོམ་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་རུ་འཇིགས་སྐུལ་རིང་ལུགས་སྔར་བཞིན་འབྱུང་གིན་ཡོད། མིག་སྔར་འཇིགས་སྐུལ་ཉེས་ཅན་གྱིས་གསང་བའི་ཡན་ལག་སྔར་ལས་མང་བོ་འཛུགས་བཞིན་ཡོད་པ་དང་། མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ཁོངས་མི་གསར་བ་བསྡུ་བཞིན་ཡོད་པར་མ་ཟད། མ་དངུལ་གྱི་རྒྱབ་སྐྱོར་དང་འགན་སྲུང་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

པུའུ་ཁི་སི་མན་གྱིས་བཤད་རྒྱུར། ཨུ་རུ་སི་མཉམ་འབྲེལ་རྒྱལ་ཕྲན་གྱི་སྤྱིའི་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་འཇགས་སྡེ་ཁག་བར་རོགས་ལས་བྱས་ཏེ་འཇིགས་སྐུལ་གཡོ་ཇུས་ཕམ་ཉེས་སུ་གཏོང་བར་བརྩོན་ལེན་བྱས་ཏེ། མི་མང་བོ་འདུས་སའི་བདེ་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། 

དེ་ལས་གཞན་པུའུ་ཁི་སི་མན་གྱིས་ད་རུང་བྱ་བའི་སྤྱི་སྡོམ་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་མཉམ་འབྲེལ་རྒྱལ་ཕྲན་གྱི་སྤྱིའི་ཞིབ་དཔྱོད་ཁང་གིས་ད་ལོའི་ལོ་སྟོད་དུ་ཁྲིམས་འགལ་གྱོད་དོན་ཁྲི་གསུམ་དང་སྟོང་གཉིས་ཐག་གཅོད་བྱས་པ་དང་། གཞུང་རྒྱུ་གཞན་བཀོལ་གྱི་གྱོད་དོན་མང་བོ་ཐག་གཅོད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།