ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་རྒྱ་གར་གྱིས་མཁའ་འགྲུལ་འཕུར་མདའི་ཉོ་བསྡུའི་གན་རྒྱ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་དམག་དོན་ལག་རྩལ་མཉམ་ལས་ཅུའུ་གསར་འགྱུར་ཁྲུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་རྒྱ་གར་གྱིས་ཉེ་སྔོན་རྒྱ་གར་ཕྱོགས་ལ་མཁའ་འགྲུལ་འཕུར་མདའ་སྟོང་གཅིག་ཙམ་འདོན་སྤྲོད་བྱེད་པའི་གན་རྒྱ་བཀོད་ཡོད་ཟེར། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། གན་རྒྱ་ནི་ཉེ་སྔོན་བཀོད་པ་ཡིན་ཞིང་། གན་རྒྱ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་སྤྱོད་སྒོ་མི་འདྲ་བའི་མཁའ་འགྲུལ་འཕུར་མདའ་སྟོང་གཅིག་ཙམ་འདོན་སྤྲོད་བྱེད་རྒྱུ་རེད་ཟེར། 

དེའི་སྔོན་རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་དང་ཨུ་རུ་སི་ཡིས་རྒྱ་གར་མཁའ་དམག་གི་སུའུ-30MKIརྟགས་ཅན་གྱི་འཐབ་འཛིང་གནམ་གྲུརR-27རྟགས་ཅན་གྱི་འཕུར་མདའ་ཉོ་བསྡུ་བྱེད་པའི་གན་རྒྱ་བཀོད་ཡོད་པ་དང་། སྤྱིའི་རིན་ཐང་རྒྱ་གར་གྱི་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ཡིན། འཕུར་མདའ་དེ་དག་གི་གཏོང་འཕེན་གྱི་ཚད་སྔར་ལས་ཇེ་བ་དང་། རྒྱ་གར་གྱི་འཐབ་འཛིང་གནམ་གྲུས་ཐག་རིང་བའི་གནས་ནས་དགྲ་བོའི་འཐབ་འཛིང་གནམ་གྲུར་རྒོལ་བར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་ཟེར། 

ཨུ་རུ་སི་ནི་རྒྱ་གར་གྱི་མཚོན་ཆའི་མཁོ་འདོན་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱི་འགོག་སྲུང་མཉམ་ལས་དེ་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་སྐབས་ནས་བྱུང་ཡོད། ཨུ་རུ་སིའི་རྒྱལ་སྲུང་ཐོན་རྫས་ཕྱིར་གཏོང་ཀུང་ཟིས་བསྒྲགས་པ་ལྟར་ན། རྒྱ་གར་དྲག་ཆས་སྟོབས་ཤུགས་ལ་སྒྲིག་སྦྱོར་བྱས་པའི་མཚོན་ཆ་དང་སྒྲིག་ཆས་ཁྲོད་དུ་བརྒྱ་ཆའི་བདུན་ཅུ་ནི་སུའུ་ལེན་དང་ཡང་ན་ཨུ་རུ་སི་ཡིས་ཐོན་སྐྱེད་བྱས་པ་ཏག་ཏག་རེད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།