ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་འཇིགས་སྐུལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཡང་བསྐྱར་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེ་ལྟ་མིན་ཚེ་དབྱི་ལིང་ལས་སྔར་ལས་ལྷག་པའི་སྒོ་ནས་གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ང་ཚོས་སྔར་བཞིན་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དངོས་འབེབ་བྱེད་པར་རེ་སྒུག་བྱས་ཡོད་ཀྱང་། དབྱི་ལིང་གིས་གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་འཇོག་པའི་རྣམ་འགྱུར་དེ་ཧ་ཅང་གཟབ་ནན་ཡིན། གལ་ཏེ་དབྱི་ལིང་གི་ཁེ་ཕན་ལ་སྲུང་སྐྱོབ་མི་ཐོབ་པའི་རྣམ་པ་དེ་མུ་མཐུད་དུ་རྒྱུན་བསྐྱངས་ན། དབྱི་ལིང་གི་རྗེས་ཕྱོགས་ཀྱི་འགུལ་སྐྱོད་དེ་སྔ་ན་མེད་པ་ཞིག་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།