ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་གྲོས་དཔོན་གྱིས་དམ་བཅའ་བཞག་སྟེ་གནས་སྐབས་ཀྱི་ཙུང་ཐུང་གི་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

13.jpg

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཐུ་ནི་ཞི་ཡཱའི་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་དུ། ཐུ་ནི་ཞི་ཡཱའི་གྲོས་ཁང་གི་ཀྲུའུ་ཞི་ནཱ་སེ་ཨར་གྱིས་དམ་བཅའ་བཞག་སྟེ་ཐུ་ནི་ཞི་ཡཱའི་གནས་སྐབས་ཀྱི་ཙུང་ཐུང་གི་ལས་འགན་ཁུར། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་གྲོས་ཁང་གི་ཀྲུའུ་ཞི་ནཱ་སེ་ཨར་གྱིས་ཚེས་ཉེར་ལྔ་ཉིན་དམ་བཅའ་བཞག་སྟེ་ཐུ་ནི་ཞི་ཡཱའི་གནས་སྐབས་ཀྱི་ཙུང་ཐུང་གི་ལས་འགན་ཁུར། 

ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་པུའུ་ཞི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཐུ་ནི་ཞི་ཡཱའི་དམག་དཔུང་སྨན་ཁང་ནས་སྐུ་གཤེགས། ཐུ་ནི་ཞི་ཡཱའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། གལ་ཏེ་ཙུང་ཐུང་གིས་ལས་འགན་ལག་བསྟར་བྱེད་མ་ཐུབ་ན། གྲོས་དཔོན་གྱིས་གནས་སྐབས་ཙུང་ཐུང་གི་ལས་འགན་ཁུར་དགོས་པ་དང་། ཉིན་དགུ་བཅུའི་ནང་ཙུང་ཐུང་འདེམ་བསྐོ་བྱེད་དགོས་པ་རེད། 

ཐུ་ནི་ཞི་ཡཱའི་ཆེས་མཐོའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་གི་འདེམ་བསྐོ་དེ་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་སྤེལ་རྒྱུ་ཡིན་པ་རེད། ཐུ་ནི་ཞི་ཡཱ་ཡིས་སྔོན་ཆད་ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་ཙུང་ཐུང་འདེམ་བསྐོ་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་པ་རེད། 

ཐུ་ནི་ཞི་ཡཱའི་ཙུང་ལི་ཧྲ་ཧི་ཏི་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཐུ་ནི་ཞི་ཡཱ་ཡིས་ཉིན་བདུན་རིང་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་ལུས་རྩལ་འགྲན་སྡུར་དང་རོལ་རྩེད་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།