ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཧན་གོར་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཚེས་ཉེར་བཞིའི་ཉིན་ཧན་གོར་འཚམས་འདྲི་བྱས་པ་དང་། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་རྒྱལ་ཁབ་བདེ་སྲུང་ཁང་གི་མགོ་བ་ཀྲིན་དབྱེ་རོང་སོགས་ཧན་གོའི་མཐོ་རིམ་དཔོན་པོ་མང་བོར་ཐུག་འཕྲད་བྱས་ཏེ། ཕྱེད་གླིང་གི་གནས་བབ་དང་ཧན་གོ་དང་འཇར་ན་གྱི་འགལ་བ། དེ་མིན་བདེ་འཇགས་མཉམ་ལས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་མགྲིན་ཚབ་པ་ཀའོ་མེན་ཐེན་གྱིས་གསལ་སྒྲོག་སྤེལ་ཏེ། ཀྲིན་དབྱེ་རོང་གིས་པའོ་ཨར་ཏོན་ལ་ཐུག་འཕྲད་བྱེད་སྐབས་ཁྲའོ་ཞན་ཕྱེད་གླིང་དང་དེ་མིན་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གནད་དོན་གླེང་། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཨ་མེ་རི་ཁས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་སོགས་གནད་དོན་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁས་བྱ་བའི་གྲོས་མོལ་མྱུར་དུ་སླར་གསོ་བྱས་ཏེ་ཉིང་རྡུལ་མེད་པར་ཏགོང་བའི་གྲོས་མོལ་ལ་དོན་དངོས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པར་འདོད། 

ཀའོ་མེན་ཐེན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགོག་སྲུང་གྲོན་དངུལ་གྱི་བགོ་བཤའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ལུགས་མཐུན་དྲང་བདེན་ཁ་ཕྱོགས་སུ་བཟུང་ནས་གྲོས་མོལ་འཚོལ་ཞིབ་བྱེད་རྒྱུ་ཐག་བཅད། ཁོ་གཉིས་ཀྱིས་ད་རུང་ཧའོ་ཨར་མུའུ་ཙི་མཚོ་འགག་སོགས་ས་ཁུལ་གྱི་མཚོ་འགྲུལ་དང་བདེ་འཇགས་གནད་དོན་གླེང་བར་མ་ཟད། ཧན་གོ་དང་ཨ་མེ་རི་ཁས་མུ་མཐུད་དུ་དོན་དེའི་ཐད་ནས་མཉམ་ལས་ཇི་ལྟར་བྱེད་པར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར། 

པའོ་ཨར་ཏོན་གྱིས་ཉིན་དེར་སོ་སོར་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་དང་རྒྱལ་སྲུང་བློན་ཆེན་ཀྲིན་ཅིན་ཏིག་ལ་ཐུག་འཕྲད་བྱས། 

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཁང་ཅིན་ཧི་དང་པའོ་ཨར་ཏོན་གཉིས་ཀྱིས་ཧན་གོ་དང་འཇར་པན་གྱི་འགལ་བ་གླེང་བ་དང་། ཕྱོགས་གཉིས་ཀྱིས་བལྟས་ན། ཧན་གོ་དང་འཇར་པན་བར་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་དང་། གྲོས་མོལ་ལ་བརྟེན་ནས་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པར་འདོད་ལ། ཧན་གོ་དང་ཨ་མེ་རི་ཁས་དོན་དེའི་ཐད་ནས་འབྲེལ་འདྲི་བྱེད་དགོས་པར་འདོད། 

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཀྲིན་ཅིན་ཏིག་དང་པའོ་ཨར་ཏོན་གྱིས་གྲོས་མོལ་བྱེད་སྐབས་ཧན་གོ་དང་འཇར་པན་ཕྱོགས་གཉིས་དང་། དེ་མིན་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཕྱོགས་གསུམ་གྱི་བདེ་འཇགས་མཉམ་ལས་སོགས་ལ་གྲོས་བསྡུར་བྱས་ཟེར། 

པའོ་ཨར་ཏོན་གྱིས་འཇར་པན་དུ་འཚམས་འདྲི་བྱས་རྗེས་ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞིའི་ཉིན་ཧན་གོར་འཚམས་འདྲི་བྱས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།