ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཡོ་ཧན་ཞོན་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པའི་རེ་སྒུག་བྱས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་གསུམ་ཉིན་ཕཱ་རེ་སི་ནས་འཚམས་འདྲིར་ཡོང་བའི་སྐབས་རྗེས་མའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། མི་འགྱངས་པར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པའི་པའོ་ལི་སི·ཡོ་ཧན་ཞོན་དང་མཉམ་དུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་དང་རྒྱལ་སྤྱིའི་གནད་དོན་གཙོ་བོའི་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

མཱ་ཁི་ལུང་གིས་ཉིན་དེར་ཧྥུན་ཏི་ལའེ་ཨིན་དང་མཉམ་དུ་བྱ་བའི་གུང་ཚིགས་གསོལ་སྟོན་ལ་མ་ཞུགས་གོང་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཡོ་ཧན་ཞོན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། མཱ་ཁི་ལུང་གིས་བཤད་རྒྱུར། ཡོ་ཧན་ཞོན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་དངོས་སུ་ཁུར་རྗེས། ཁོས་མྱུར་མོར་ཡོ་ཧན་ཞོན་ལ་ཁ་པར་གཏོང་རྒྱུ་ཡིན་པ་དང་། ཁོས་ཡོ་རོབ་གླིང་གི་གྲོས་གཞི་དང་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ། དབྱི་ལིང་གི་གནས་བབ་སོགས་གནད་དོན་ཐད་ནས་ཡོ་ཧན་ཞོན་དང་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་ཀྱང་ཡོ་ཧན་ཞོན་ལ་རྟེན་འབྲེལ་ཞུས་པ་དང་། ཡོ་ཧན་ཞོན་བར་བྱ་བའི་འབྲེལ་བ་བཟང་བོ་འཛུགས་པར་རེ་སྒུག་བྱེད་པའི་ཚུལ་བསྟན། ཁོ་མོས་བཤད་རྒྱུར། ང་ཚོ་འགྲན་རྩོད་ལ་འཕྲད་ཡོད་པས། གཏན་བརླིང་གི་བྱ་བའི་འབྲེལ་བ་བཟང་བོ་འཛུགས་པར་གལ་འགངས་ཧ་ཅང་ཆེ། ང་ཚོས་ཡོ་རོབ་གླིང་དང་དབྱིན་ཇི་ལ་ཕན་པའི་དོན་དག་བསྒྲུབ་པའི་འགན་འཁྲི་ཡོད་ཟེར། 

ཉིན་དེའི་གྲོས་མོལ་ཁྲོད། མཱ་ཁི་ལུང་དང་ཧྥུན་ཏི་ལའེ་ཨིན་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན། བདེ་འཇགས་འགོག་སྲུང་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།