ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་འགས་གཏོར་གནམ་གྲུ་ཧན་གོའི་མཁའ་ཁོངས་སུ་སོང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་མཁའ་དམག་གི་འཐབ་ཇུས་འགོས་གཏོར་གནམ་གྲུ་གཉིས་ཀྱིས་ཉིན་དེར་འཇར་མན་མཚོའི་བར་གནས་མཚོ་ཁོངས་ཀྱི་བར་སྣང་དུ་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་སྐབས་ཧན་གོའི་མཁའ་ཁོངས་སུ་སོང་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཕུར་སྐྱོད་གཞི་གྲངས་ལྟར་ན། གནམ་གྲུ་དེ་གཉིས་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱས་པ་དང་། འཆར་གཞིའི་ལམ་ཐིག་ལས་རིང་དུ་བརྒལ་མེད། ཏུའུ་ཏའོ་གླིང་ཕྲན་བར་སྤྱི་ལེ་ཉེར་ལྔའི་ཡན་ཡོད་ལ། ཧན་གོའི་མཁའ་ཁོངས་སུ་སོང་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་ཤར་ཕྱོགས་མཚོ་ཁོངས་ཀྱི་ཏུའུ་ཏའོ་གླིང་ཕྲན་གྱི་ཉེ་འདབས་མཁའ་ཁོངས་ནས། ཧན་གོའི་འཐབ་འཛིང་གནམ་གྲུ་གཉིས་ཨུ་རུ་སིའི་འགས་གཏོར་གནམ་གྲུའི་ཉེ་སར་བཅར་ནས་ཆེད་ལས་མིན་པའི་བྱ་སྤྱོད་སྤེལ་བ་དང་། ཨུ་རུ་སིའི་འགས་གཏོར་གནམ་གྲུའི་ལམ་ཐིག་བརྒལ་ནས་ཨུ་རུ་སིའི་འགས་གཏོར་གནམ་གྲུའི་བདེ་འཇགས་ལ་ཉེན་ཁ་བཟོས། ཧན་གོའི་གནམ་གྲུའི་ཁ་ལོ་བ་དང་ཨུ་རུ་སིའི་འགས་གཏོར་གནམ་གྲུའི་ཁ་ལོ་བས་ཕན་ཚུན་འབྲེལ་འདྲིས་མ་བྱས་པ་དང་། ཧན་གོའི་འཐབ་འཛིང་གནམ་གྲུ་དེས་བརྡ་གཏོང་མདེལ་བཏང་རྗེས་ཨུ་རུ་སིའི་འགས་གཏོར་གནམ་གྲུ་དང་བྲལ་བ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧན་གོའི་འཐབ་འཛིང་གནམ་གྲུས་མེ་མདའ་བཏང་ནས་ཉེན་བརྡ་མ་བཏང་། གལ་ཏེ་ཨུ་རུ་སིའི་གནམ་གྲུའི་ཁ་ལོ་བའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ན་མྱུར་མོར་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧན་གོས་ཐེངས་མང་བོར་རང་བཟོས་ཀྱི་མཁའ་སྲུང་ཁྱད་འབྱེད་ས་ཁུལ་རྒྱུ་མཚན་དུ་བྱས་ཏེ། ཨུ་རུ་སིའི་གནམ་གྲུ་འཇར་པན་མཚོ་ཁོངས་ཀྱི་བར་གནས་མཚོ་ཁོངས་སུ་འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པར་བཀག་འགོག་བྱེད་རྩིས་བྱས་མྱོང་། ཨུ་རུ་སིའི་ཕྱོགས་ཀྱིས་མཁའ་སྲུང་གི་ཁྱད་འབྱེད་ས་ཁུལ་དེ་དག་ཁས་ལེན་བྱེད་མི་སྲིད་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཐེངས་མང་བོར་ཨུ་རུ་སིའི་ལངས་ཕྱོགས་དེ་ཧན་གོར་ཤེས་སུ་བཅུག་ཡོད་ཟེར། 

ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། ཧན་གོའི་དམག་ཕྱོགས་ཀྱིས་ཨུ་རུ་སིའི་འགས་གཏོར་གནམ་གྲུ་ཞིག་ཐེངས་གཉིས་ལ་ཁྲའོ་ཞན་ཕྱེད་གླིང་ཤར་ཕྱོགས་མཚོ་ཁོངས་ཀྱི་ཏུའུ་ཏའོ་གླིང་ཕྲན་གྱི་ཉེ་འདབས་མཁའ་ཁོངས་སུ་འཕུར་ཡོང་བ་རེད། ཧན་གོའི་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུས་མེ་མདའ་བཏང་ནས་ཉེན་བརྡ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།