ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་མནའ་འབྲེལ་གྱི་བུད་མེད་འགན་འཛིན་ཐོག་མ་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་འཕྲིན་ལྟར་ན། ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་7ཚེས་16ཉིན། ཧྥ་རན་སིའི་སི་ཐེ་ལ་སི་པའོ་རུ་འཚོགས་པའི་ཡོ་རོབ་མནའ་འབྲེལ་གྱི་ཚང་འཛོམས་གྲོས་ཚོགས་ཐོག ཧྥེང་ཏེ་ལའེ་ཨེན་(von der Leyen)ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དུ་བདམས་ཐོན་བྱུང་ཡོད་ཅིང་། ཁོང་མོ་ནི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་བུད་མེད་འགན་འཛིན་ཐོག་མ་དེར་གྱུར་ཡོད།

W020190718651345434238.jpg

ཝུར་སུའུ་ལ་·ཧྥེང་·ཏེ་ལའེ་ཨེན་(Ursula von der Leyen)ནི་འཇར་མན་གྱི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ཏང་གི་ཏང་ཡོན་ཡིན་ཞིང་། ཁོང་མོ་ནི་དངོས་ལུགས་རིག་པ་བ་ཞིག་ཡིན་པ་དང་། ཕྲུ་གུ་བདུན་གྱི་ཨ་མའང་ཡིན། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཁོང་མོ་ནི་ལས་དོན་དང་ཁྱིམ་ཚང་གཉིས་ཀའི་ཐད་འཇོན་པོ་ཡིན་པའི་བུད་མེད་ཅིག་ཡིན་ཞེས་བསྔགས་བརྗོད་གནང་མྱོང་།

ཧྥེང་ཏེ་ལའེ་ཨེན་གྱིས་འཇར་མན་གྱི་ཀེ་ཐིང་ཀེན་སློབ་ཆེན་དུ་དཔལ་འབྱོར་རིག་པའི་ཤེས་རམས་པའི་སློབ་གནས་ཐོབ་རྗེས། ལོན་ཏོན་ཆབ་སྲིད་དཔལ་འབྱོར་སློབ་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། དེ་རྗེས་སླར་ཡང་ཧ་ཧྥོ་སློབ་ཆེན་དུ་སྨན་རིག་པར་སློབ་སྦྱོང་བྱེད་པར་བསྐྱོད་ཅིང་། མཐར་1987ལོར་སྨན་པ་དཀའ་བཅུ་པ་ཞིག་ཏུ་གྱུར།

1990ལོར་ཧྥེང་ཏེ་ལའེ་ཨེན་དམངས་གཙོ་མནའ་མཐུན་ནང་ཞུགས་པ་དང་1999ལོར་སྲིད་ལ་ཞུགས།

2005ལོར་ཁོང་མོས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཁྱིམ་ཚང་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། 2009ལོར་ངལ་རྩོལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2013ལོར། ཁོང་མོ་འཇར་མན་ལོ་རྒྱུས་ཐོག་གི་བུད་མེད་རྒྱལ་སྲུང་པུའུ་ཀྲང་ཐོག་མར་གྱུར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།