དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་དབྱི་རག་ནས་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་སོ་སོར་དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དང་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གསང་འཕྲིན་ལ་གཞིགས་ཏེ། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་གནམ་གྲུ་མངག་ནས་ནེ་ནེ་ཝེ་ཞིང་ཆེན་གྱི་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་པེད་ཨ་ཅི་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་ས་ཞིག་གཏོར་ནས། དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

དེ་ལས་གཞན། དབྱི་རག་བདེ་འཇགས་དམག་དཔུང་དང་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པས་ཉིན་དེར་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཅཱ་ལའོ་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་སྡེ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་བསད་པ་དང་། མི་བཞི་ལ་རྨས་ཕོག་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།