ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་སི་རི་ཡཱའི་ཧའོ་ཨར་ཡུལ་གྱར་བའི་སྒར་སའི་བྱིས་པར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་བྱང་ཤར་ཕྱོགས་སུ་ཡོད་པའི་ཧའོ་ཨར་ཡུལ་གྱར་བའི་སྒར་སའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཛ་དྲག་ཡིན་པས། བྱིས་པའི་ཐེབས་རྩ་ཚོགས་པས་ཕྱོགས་སོ་སོས་ཧའོ་ཨར་ཡུལ་གྱར་བའི་སྒར་སའི་བྱིས་པ་ཁྲི་བཞི་དང་སྟོང་དགུའི་གནས་ཚུལ་ལ་དོ་སྣང་བྱས་ཏེ། ཁོ་ཚོར་དགོས་ངེས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤ་དརྒྱུར། ཧའོ་ཨར་ཡུལ་གྱར་བའི་སྒར་སའི་ནང་མིག་སྔར་ཉུང་མཐར་ཡང་ཡུལ་གྱར་བ་ཁྲི་བདུན་ཡོད་པ་དང་། ཁོ་ཚོ་ནི་སི་རི་ཡཱ་དང་དབྱི་རག་སོགས་རྒྱལ་ཁབ་ནས་ཡོང་བ་ཡིན་ལ། དེའི་ནང་བྱིས་པ་ཁྲི་བཞི་དང་སྟོང་དགུ་ཙམ་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སྒར་སའི་ནང་བྱིས་པ་མི་ཉུང་བ་ཞིག་ཐལ་སྤྱོད་ཉེས་ཅན་གྱི་བུ་དང་བུ་མོ་ཡིན་པས་མཐོང་ཆུང་ཐེབས་བཞིན་ཡོད་ལ། བདེ་འཇགས་ཀྱི་འཇིགས་ཉེན་དུ་རློམ་ཡོད། ཁོ་ཚོར་མིག་སྔར་སྲུང་སྐྱོབ་དང་བདག་སྐྱོང་མཁོ་གལ་ཆེ། མིག་སྔར་ཚ་གདུག་ཆེ་བའི་སྐབས་ཡིན་པས། ཁོ་ཚོར་བྲེལ་མྱུར་རོགས་སྐྱོར་ཐོབ་ན་ད་གཟོད་འཚོ་ཐུབ་ཟེར། 

བྱིས་པའི་ཐེབས་རྩ་ཚོགས་པས་བསྟན་དོན། མིག་སྔར་ལས་ཁུངས་དེས་མཉམ་ལས་གྲོགས་པོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧའོ་ཨར་ཡུལ་གྱར་བའི་བྱིས་པར་བྲེལ་མྱུར་རོགས་སྐྱོར་བྱེད་བཞིན་ཡོད་ཀྱང་། དགོས་མཁོ་ཧ་ཅང་ཆེ་བས་བྱིས་པའི་ཐེབས་རྩ་ཚོགས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ཐེ་གཏོགས་བྱེད་དགོས་པའི་རེ་བ་བཏོན། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།