ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཤར་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཤར་ཕྱོགས་ཀྱི་ཧྥན་ཞིང་ཆེན་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཚེས་བཅོ་བརྒྱད་ཉིན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག

བསྒྲགས་པ་ལྟར་ན། ཉིན་དེའི་ཉིན་གུང་ཧྥན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥན་མཁར་ནས་ཨིག་ཀྲ་ཨར་ཕུའུ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཁ་ལོ་བྱེད་ཐབས་བྲལ་ནས་ལམ་འགྲམ་གྱི་རི་རྩ་རུ་ལྷུང་བ་རེད་ཟེར། 

ཧྥན་ཞིང་ཆེན་གྱི་ཧྲིན་ཀྲང་ཨེ་མེན་གྱིས་བཤད་རྒྱུར། འདས་པོ་བཅོ་ལྔའི་ཁྲོད་དུ་བུད་མེད་དང་བྱིས་པ་འདུས་པ་དང་། འདས་པོ་དག་རྒྱལ་ཁབ་གང་གི་ཡིན་པ་ངོས་འཛིན་བྱེད་བཞིན་པའི་སྒང་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།