ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྤྱི་རྒྱ་བརྒྱ་དང་བདུན་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱའི་ཞིན་ནན་ཝེ་ཨར་ཧྲི་ཀྲིག་གི་ཉེན་རྟོག་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཞི་ནེ་ནས་དུས་རྫས་སྤྱི་རྒྱ་བརྒྱ་དང་བདུན་རྩད་ཆོད་པ་དང་། མི་གསུམ་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཞིན་ནན་ཝེ་ཨར་ཧྲི་ཀྲིག་གི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་བཀོད་འདོམ་པུའུ་དུག་རྫས་དང་མཚོན་ཆའི་འགུལ་སྐྱོད་ཚན་ཆུང་གིས་ཟླ་སྔོན་མར་རྗེས་འདེད་རྟོག་ཞིབ་བྱས་ཏེ། དོགས་ཡོད་ས་གནས་གཏན་འཁེལ་བྱས་ཡོད་པ་དང་། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཞི་ནེའི་ཤར་ཁུལ་གྱི་མཱ་ལཱ་པཱ་ཡི་སྡོད་ཁང་ཞིག་ལ་གློ་བུར་དུ་སྔོག་བཤེར་བྱས་ནས། མཇུག་མཐར་དུག་རྫས་སྤྱི་རྒྱ་བརྒྱ་དང་བདུན་རྩད་ཆོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་ཞི་ནེའི་ཤར་ཁུལ་གྱི་སྡོད་ཁང་མང་བོར་སྔོག་བཤེར་བྱས་ཏེ་གྱོད་དོན་དང་འབྲེལ་བའི་དོགས་ཡོད་མི་སྣ་གསུམ་འཛིན་བཟུང་བྱས་པ་རེད། 

དུག་རྫས་དང་མཚོན་ཆའི་འགུལ་སྐྱོད་ཚན་ཆུང་གི་དབུ་བཞུགས་དཔོན་པོ་ཧྲི་མུས་སི་ཡིས་བསྟན་དོན། རྩད་ཆོད་པའི་དུག་རྫས་ཀྱི་ཁ་གྲངས་ཐད་ནས་བལྟས་ན། དེ་ནི་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པ། གྲ་སྒྲིག་ཡོད་པའི་དུག་རྫས་ལྐོག་འཚོང་ཚོགས་ཁག་ཅིག་ཡིན་སྲིད་པས། ཨོ་སི་ཁྲུ་ལི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཀྱི་འབྱུང་ཁུངས་ལ་རྩད་ཞིབ་བྱེད་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།