ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལསས་ཁུངས་ནས་ཚོགས་འདུར་ཞུགས་སུ་འཇུག་རྒྱུ་ཡིན་ནའང་དེའི་འགུལ་སྐྱོད་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ལ་འཚམས་འདྲི་བྱེད་དུ་འཇུག་ན་ཡང་། ཀྲ་ལེ་ཧྥུའུ་དང་དེའི་འཐུས་ཚབ་ཚོས་པའི་ཉིག་ཡའོ་ཡི་འགུལ་སྐྱོད་ལ་ཚོད་འཛིན་ཐེབས་ངེས་ཡིན་ཟེར།

ཕིན་ཕེ་ཨོ་ཡིས་ཉིན་དེར་ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲ་ལེ་ཧྥུའུ་ཡིས་ཉིག་ཡའོ་ལ་འཚམས་འདྲི་བྱེད་པར་ཁྲོལ་མཆན་འགོད་པ་ནི་ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ལ་ལག་བསྟར་བྱེད་པའི་འོས་འགན་ཡིན་ཟེར། ཡིན་ནའང་དེ་དང་མཉམ་དུ་ཁོས་ནན་གྱིས་བསྟན་དོན། ཀྲ་ལེ་ཧྥུའུ་དང་ཁོའི་འཐུས་ཚབ་ཚོགས་པའི་ཉིག་ཡའོ་ཡི་འགུལ་སྐྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་དབྱི་ལང་གི་འཐུབ་ཚབ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལང་གི་འཐུས་མིའི་སྡོད་ཤག་བཅས་ནས་ཕར་འགྲོ་ཚུར་ཡོང་བྱས་ཆོག་པ་ཙམ་ཡིན་ཟེར།

ཕིན་ཕེ་ཨོ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཀྲ་ལེ་ཧྥུའུ་དང་དེའི་འཐུས་ཚབ་ཚོགས་པར་འདོན་སྤྲོད་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ལ་གནང་བའི་དབང་ཆ་འདོན་སྤྲོད་བྱས་པ་ཙམ་ཡིན་ལ་དེ་ལས་འདའ་མི་སྲིད་ཟེར། ཁོས་ད་དུང་བཤད་རྒྱུར། ཨ་མེ་རི་ཁའི་ཕྱི་འབྲེལ་དཔོན་པོ་ཏི་ཧེ་ལན་ནས་སྲང་ལམ་དུ་འགྲོ་མི་ཆོག་ན། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཡང་ཉིག་ཡའོ་ནས་སྲང་ལམ་དུ་འགྲོ་མི་ཆོག་ཟེར།

དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཉིན་དེའི་ཅུང་སྔ་བའི་དུས་སུ་བརྙན་འཕྲིན་གཏམ་བཤད་སྤེལ་ནས། ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་བཞག་པར་མ་ཟད་ཡང་བསྐྱར་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱས་ན། དབྱི་ལང་གིས་ཨ་མེ་རི་ཁར་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད། ཕིན་ཕེ་ཨོ་ཡིས་དེའི་ཐད་ནས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་མཇུག་མཐའི་ཐག་གཅོད་བྱེད་རྒྱུ་ཡིན་ཟེར་མོད། ཡིན་ནའང་ཁོས་དེ་དང་མཉམ་དུ་ཨོ་པ་མ་སྲིད་གཞུང་གིས་བཀོད་པའི་དབྱི་ལང་ཉིང་རྡུལ་གྲོས་ཆོད་དེ་ནི་ཆག་སྒོ་ཞིག་རེད་ཅེས་བཤད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲ་ལེ་ཧྥུའུ་དང་ཁོའི་འཐུས་ཚབ་ཚོགས་པ་ཚེས་བཅུ་བཞི་ཉིན་ཉིག་ཡའོ་ལ་ཐོན་པ་དང་། ཁོ་གཟའ་འཁོར་འདིའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་རྒྱུན་སྲིང་འཕེལ་རྒྱས་སྐོར་གྱི་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་རྒྱུ་རེད། ཀྲ་ལེ་ཧྥུའུ་ཡིས་ཉིག་ཡའོ་ནས་ད་དུང་རིག་མཛོད་ཆེད་མཁས་པ་དང་གསར་འགོད་པ་སྐོར་ཞིག་ལ་ཐུག་འཕྲད་བྱ་རྩིས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།