ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཤར་ཕྱོགས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བརྒྱ་ལྷག་ཤི་རྨས་བཟོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཅ་ཙི་ཉི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅ་ཙི་ཉི་ནས་ཉིན་དེར་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གོ་དྲུག་ལ་རྨས་ཕོག་ཟེར།

ཅ་ཙི་ཉི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནུའུ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ། ཅ་ཙི་ཉི་གྲོང་ཁྱེར་དཀྱིལ་དབུས་ཀྱི་ཉེན་རྟོག་ཁང་ཞིག་གི་ཉེ་འགྲམ་ནས་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་། དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་དུ་བདེ་འཇགས་མི་སྣ་གཉིས་དང་མི་སེར་བཞི་ཡོད་ལ། གཞན་ཡང་མི་སེར་གྱ་བདུན་དང་ཉེན་རྟོག་པ་དགུ་ལ་རྨས་ཕོག་པ་དང་། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་ཟེར།

ཅ་ཙི་ཉི་གྲོང་ཁྱེར་གྱི་འཕྲོད་བསྟེན་སྡེ་ཁག་གི་འགན་ཁུར་བ་ཧུའུ་མཱ་ཐི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱེད་རྒྱུར། རྨས་མ་དོན་ལྔ་ས་དེའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་གི་རྨས་མ་སུམ་ཅུ་ནི་སློབ་མ་རེད་ཟེར།

ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་དོནན་རྐྱེན་དེ་ནི་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས། ཐ་ལེ་པན་གྱིས་བཤད་རྒྱུར། ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ཉེན་རྟོག་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་མི་སྣ་བཅུ་ཕྲག་འགའ་ཤི་རྨས་བཟོས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།