ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལེས་ཀུའེ་ནི་ཡའི་བར་དུ་འབྲེལ་མཚམས་བཅད་པ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་པུའུ་ཀྲང་ཨ་ཝ་ཏི་ཡིས་ཚེས་བཞི་ཉིན་མོ་ཀ་ཏེ་ཧྲ་ནས་སོ་མཱ་ལེས་ཀུའེ་ནི་ཡའི་བར་དུ་འབྲེལ་མཚམས་བཅད་པ་ཡིན་ཞེས་བསྒྲགས།

ཨ་ཝ་ཏི་ཡིས་བཤད་རྒྱུར། སོ་མཱ་ལེ་ཡིས་དེ་ལྟར་ཐག་གཅོད་དོན་ནི་ཀུའེ་ནི་ཡས་སོ་མཱ་ལེའི་བདག་དབང་དང་གཅིག་གྱུར་ལ་གནོད་བསྐྱལ་བའི་རྐྱེན་གྱིས་ཡིན་ཟེར། དེ་དང་མཉམ་དུ་ཨ་ཝ་ཏི་ཡིས་རྒྱལ་ཁབ་གཞན་དག་གིས་སོ་མཱ་ལེའི་བདག་དབང་དང་གཅག་གྱུར་ལ་གནོད་སྐྱེལ་མི་རུང་བའི་ཉེན་བརྡ་བཏང་།

ཀུའེ་ནི་ཡའི་ཙུང་ཐུང་ཁུང་ཏའེ་ཡིས་ཉེ་སྔོན་སོ་མཱ་ལེ་ལན་ས་གནས་སྲིད་གཞུང་གི་མགོ་ཁྲིད་པ་ཨ་པུའུ་ཏིས་ཀྱིས་ཀུའེ་ནི་ཡའི་རྒྱལ་ས་ཁི་ནཱ་ཁི་ལེ་ལ་འཚམས་འདྲི་བྱེད་པར་གདན་དྲངས་པར་མ་ཟད། དེར་དགའ་བསུའི་མཛད་སྒོ་བསྡུས་པ་རེད།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར། སོ་མཱ་ལེ་ལན་ས་གནས་དེ་སོ་མཱ་ལེའི་མངའ་འོག་ནས་རང་བཙན་བྱས་མོད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་བར་དུ་ཁས་བླངས་མེད། སོ་མཱ་ལེའི་སྲིད་གཞུང་གིས་སོ་མཱ་ལེ་ལན་ནི་རྒྱལ་ཁབ་རང་གི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པར་འདོད་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།