ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཀེན་ཐེན་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀེན་ཐེན་བྱང་ཕྱོགས་ཀྱི་ཐུའུ་ཁུའུ་མན་ཞིང་ཆེན་ནས་ཟླ་བདུན་པའི་ཚེས་གཅིག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཚེས་གཅིག་ཉིན་གྱི་སྔ་དྲོར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཐུའུ་ཁུའུ་མན་ཞིང་ཆེན་ལྷོ་ཕྱོགས་ཀྱི་ལཱ་མཱ་ཏི་ལི་གྲོང་ཁྱེར་ཉེ་འདབས་ཀྱི་མྱུར་བགྲོད་གཞུང་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་ཟེར། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་ནི་ཡུལ་དེར་སྨུག་འཐིབ་ཡོད་པ་དང་འབྲེལ་ཡོད་ཀྱང་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེས་དྲུད་ཡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་མི་སྣ་སྐོར་ཞིག་གིས་གྲུབ་པའི་གནས་སྐོར་ཚོགས་པ་ཡིན་པ་དང་། ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་ཨ་ཀེན་ཐེན་གྱི་མིན་ཏའོ་སཱ་གྲོང་ཁྱེར་ནས་ལམ་དུ་ཆས་ཏེ། བྱང་ཕྱོགས་ཀྱི་ཆུ་ཚན་ཡོད་པའི་གྲོང་ཁྱེར་ཞིག་དུ་འགྲོ་འདོད་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།