རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་སོ་གསུམ་རྐྱེན་ལམ་དུ་ཤོར།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨ་ས་ཁུལ་དུ་ཟླ་བདུན་པའི་ཚེས་གཅིག་ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་ལྔ་བཅུའི་ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་ཞིག་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཅི་ཧྲི་ཏི་ཝ་ཨར་ས་ཁུལ་དུ་བགྲོད་སྐབས་གྲོག་རོང་དུ་ལྷུང་། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྒུད་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།