ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་ལག་བསྟར་བྱེད་ཆོག་པའི་ཇུས་གཞི་འདོན་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཞིག་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། གལ་ཏེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་འདོད་ན། ཨ་མེ་རི་ཁས་དུས་ཚོད་དམ་འཛིན་དང་རྣམ་འགྱུར་བཟང་བོ་བཅངས་ཏེ། མི་སྣ་འོས་འཚམ་མངག་དགོས་པར་མ་ཟད་ལག་བསྟར་བྱེད་ཆོག་པའི་ཐག་གཅོད་ཇུས་གཞི་འདོན་དགོས་ཟེར། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཉིན་དེར་སྤེལ་བའི་གཏམ་བཤད་ཁྲོད། ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཆོན་ཀྲིན་ཀིན་གྱིས་བསྟན་དོན། ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པའི་དངོས་ཡོད་རང་བཞིན་གྱི་ཇུས་གཞི་གཏན་འབེབས་བྱེད་པར་བསམ་བློ་མ་བཏང་བར། གྲོས་མོལ་སླར་གསོ་བྱེད་པའི་སྟོང་གཏམ་ཡང་ཡང་བརྗོད་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་དེ་རང་འགུལ་གྱིས་སྤེལ་ཐུབ་པ་ཞིག་མ་ཡིན་ཟེར། 

ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ད་ལོའི་ཟླ་བཞི་བར་བསྟན་དོན། ཨ་མེ་རི་ཁས་ཁྲའོ་ཞན་ལ་རྣམ་འགྱུར་བཟང་བོ་འཛིན་དགོས་པ་དང་། ཁྲའོ་ཞན་གྱིས་ད་ལོའི་ལོ་མཇུག་བར་དུ་ཨ་མེ་རི་ཁས་ཆོད་དོན་སྤེལ་བར་སྒུག་སྲིད་ཟེར། 

དཔོན་རིགས་དེས་བསྟན་དོན། ཨ་མེ་རི་ཁས་ཡང་དག་པའི་གྲོས་མོལ་རྣམ་འགྱུར་བཟུང་ནས། ཇུས་གཞི་འཐུས་ཚང་འདོན་པའི་གནས་ཚུལ་འོག ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ད་གཟོད་སྤེལ་ཐུབ་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།