ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། དབྱི་རག་གི་ཉེན་རྟོག་པ་ལྔ་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནས་ལམ་འགྲམ་འགས་གཏོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར། 

ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཨོ་པེ་ཏིས་ཀྱིས་གསར་འགོད་པར་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་པའི་སྐོར་གཡེང་རུ་ཁག་ཅིག་གིས་ཉིན་དེའི་ཞོགས་པར་ཞིང་ཆེན་དེའི་ནུབ་ཕྱོགས་ཀྱི་ལཱ་ཧྲ་ཏི་གྲོང་རྡལ་ཉེ་འདབས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་དུ་སྐོར་གཡེང་བྱེད་སྐབས་ལམ་འགྲམ་གྱི་འགད་རྫས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པའི་རླངས་འཁོར་གཅིག་ལ་གཏོར་བརླག་ཐེབས་པ་དང་། ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

ཁོས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིས་བཟོས་པ་ཡིན་པར་འདོད། མིག་སྔར་དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ས་ཁུལ་དེ་བཀག་སྡོམ་བྱས་ནས་སྔོག་བཤེར་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།